ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཞི་བདེ་རྒྱ་མཚོའི་གྲུ་གཟིངས་རུ་ཁག་གི་མཚོ་དམག་སྐམ་འཐབ་རུ་ཁག་གིས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་ཡོངས་འགྲུབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཞི་བདེ་རྒྱ་མཚོའི་གྲུ་གཟིངས་རུ་ཁག་གི་མཚོ་དམག་སྐམ་འཐབ་རུ་ཁག་གིས་ཉེ་སྔོན་ད་ལོའི་ཚུན་གྱི་གཞི་རྒྱ་ཆེས་ཆེ་བའི་དམག་དོན་སྦྱོང་བརྡར་ཡོངས་འགྲུབ་བྱས་ཡོད་ཟེར། 

དམག་དོན་སྦྱོང་བརྡར་ནི་ཁན་ཁྲ་ཅཱ་ཕྱེད་གླིང་གི་མདའ་འཕེན་ར་བ་གཉིས་ནས་ཡོངས་འགྲུབ་བྱས་པ་དང་། བསྡོམས་པས་དམག་མི་སྟོང་བཞི་ལྷག་དང་། འཐབ་འཛིང་གནམ་གྲུ་བཅོ་ལྔ། རིགས་སྣ་ཚོགས་ཀྱི་གྲུ་གཟིངས། མི་བསྡད་མེད་པའི་གནམ་གྲུ་སོགས་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་མི་སྣས་སྦྱོང་བརྡར་བྱེད་སྐབས་ལད་བཟོའི་དགྲ་བོ་སྐམ་སར་འབུད་པར་བཀག་འགོག་བྱེད་པ་དང་། ལད་བཟོའི་དགྲ་བོའི་གནམ་གྲུ་ཐང་བཙན་བཟུང་བྱེད་པ། མཁའ་འབབ་ས་ཁུལ་དུ་དམའ་འབྲིང་གི་འཕུར་རྩལ་ངོམས་པ་སོགས་ལས་འགན་ཡོངས་འགྲུབ་བྱས། 

ཐེངས་འདིའི་དམག་དོན་སྦྱོང་བརྡར་ཁྲོད། ཨུ་རུ་སིའི་དམག་དཔུང་གི་ཁཱ-29རྟགས་ཅན་གྱི་དམག་བཀོལ་སྐྱེལ་འདྲེན་གྱེན་འཕུར་གནམ་གྲུ་ཐོག་དང་པོར་ཁན་ཁྲ་ཅཱ་ཕྱེད་གླིང་དུ་ཡོང་ནས་ལས་འགན་ལག་བསྟར་བྱས་པར་མ་ཟད། མཁའ་འགྲུལ་མེ་ཤུགས་འཕུར་མདའ་བེད་སྤྱད་དེ་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་འགྲམ་གྱི་དམིགས་འབེན་ལ་ཆམ་ཕབ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།