ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉེར་བཞི་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་དམག་ཕྱོགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་ལྷོ་ཕྱོགས་ས་ཁུལ་ནས་སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ལ་དཔུང་འཇུག་བྱས་ཏེ། དྲག་ཆས་ཉེས་ཅན་ཉེར་བཞི་བསད་ཟེར། 

སོ་མཱ་ལིའི་ཀྲུའུ་པཱ་ལན་ས་ཁུལ་གྱི་དྲག་ཆས་དམག་དཔུང་གི་བཀོད་འདོམ་དཔོན་པོ་ཨ་པུའུ་ཏིས་མུའུ་ཧན་མའོ་ཏི་ཡིས་བཤད་རྒྱུར། སྲིད་གཞུང་དམག་དཔུང་ལ་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་གྱིས་ལྷོ་ཕྱོགས་ཀྱི་ཅི་སི་མཱ་ཡུག་མཁར་གྲོང་ཉེ་འདབས་སུ་འདུ་ཚོགས་བསྡུ་བའི་གསང་འཕྲིན་འབྱོར་རྗེས། དྲག་ཆས་ཉེས་ཅན་ལ་དཔུང་འཇུག་བྱས་པ་རེད། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་དྲག་པོ་བྱས་ཏེ། སྲིད་གཞུང་དམག་དཔུང་གིས་ས་དེའི་དམག་དོན་བཀོད་འདོམ་དཔོན་པོ་དང་བཅས་པའི་དྲག་ཆས་ཉེས་ཅན་ཉེར་བཞི་བསད་པ་དང་། གཞན་ཡང་དྲག་ཆས་ཉེས་ཅན་བཅུ་དགུར་རྨས་ཕོག་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།