ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ། ཡེ་ལུའུ་སཱ་ལེམ་ཤར་མ་བཅས་ནས་འདེམ་བསྐོའི་བྱ་འགུལ་སྤེལ་བའི་རེ་བ་རྒྱུན་འཁྱོངས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་དྲུག་ཉིན་བསྟན་དོན། ཕཱ་ལེ་སི་ཐན་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ། ཡེ་ལུའུ་སཱ་ལེམ་ཤར་མ་བཅས་ནས་འདེམ་བསྐོའི་བྱ་འགུལ་སྤེལ་བའི་རེ་བ་རྒྱུན་འཁྱོངས་བྱེད་ངེས་ཡིན་ཟེར། 

    ཕཱ་ལེ་སི་ཐན་དཔོན་ཕྱོགས་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་ཧྥ་ཐཱ་ཧིའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་། ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་མཐོ་རིམ་བདེ་འཇགས་དཔོན་པོ་བཅས་ཀྱིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་མཉམ་ཞུགས་གྲོས་ཚོགས་བསྡུས། ཨ་པཱ་སི་ཡིས་གྲོས་ཚོགས་སྟེང་བསྟན་དོན། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱིས་ཡེ་ལུའུ་སཱ་ལེམ་ཤར་མ་དེ་འདེམ་བསྐོའི་ས་ཁོངས་ནང་བཞག་པར་ངོ་རྒོལ་བྱེད་བཞིན་ཡོད་ཀྱང་། ཕཱ་ལེ་སི་ཐན་གྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་ཡོད་ཚད་དུ་འདེམ་བསྐོའི་བྱ་འགུལ་སྤེལ་བ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ལ། ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ། ཡེ་ལུའུ་སཱ་ལེམ་ཤར་མ་བཅས་འདུས་ཡོད་ཟེར། 

   ཨ་པཱ་སི་ཡིས་ཚོགས་ཐོག་ནས་ཁྱབ་སྒྲོག་བྱས་དོན། ཁོས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་འདེམ་བསྐོའི་བྱ་འགུལ་ཆེན་མོའི་གྲ་སྒྲིག་བྱ་བར་མཐུན་སྦྱོར་བྱེད་པའི་འགན་ཁུར་བར་ཡིད་འཐད་བྱུང་ཡོད་ལ། དེའི་ཁོངས་མི་ལ་ཧྥ་ཐཱ་ཧི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་འདུས་ཡོད། ཨུ་ཡོན་ལྷན་ཁང་དེ་གཉིས་ཀྱིས་ཕཱ་ལེ་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་དང་མཉམ་དུ་གྲོས་ཚོགས་བསྡུ་རྒྱུ་མ་ཟད། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་སོགས་ཕྱོགས་ཁག་དང་དབྱི་སི་རལ་དབང་འཛིན་ལས་ཁུངས་བར་འབྲེལ་འདྲིས་བྱེད་རྒྱུུ་ཡིན་ཟེར།   །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།