ཀྲུང་གོ་བོད་ཀྱི་དྲ་བ།

རུ་ཝང་ཏཱའི་གནས་སྐོར་ཡུལ་ལྗོངས་ཤིག་ཉེ་འདབས་སུ་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རུ་ཝང་ཏཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ལྔ་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་མུའུ་སིང་ཙེ་གྲོང་ཁྱེར་གྱི་ཅི་ནེ་ཅི་གྲོང་རྡལ་དུ་ཚེས་བཞི་ཉིན་གྱི་དགོང་མོར་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་བརྒྱད་ལ་རྨས་ཕོག ཅི་ནེ་ཅི་གྲོང་རྡལ་དེ་རུ་ཝང་ཏཱའི་མིང་དུ་གྲགས་པའི་གནས་སྐོར་ཡུལ་ལྗོངས་མེ་རིའི་རྒྱལ་ཁབ་སྤྱི་གླིང་གི་འགྲམ་དུ་ཡོད་པ་རེད། 

རུ་ཝང་ཏཱའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཁཱ་པེ་ལཱ་ཡིས་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཚེས་བཞི་ཉིན་གྱི་དགོང་མོར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣ་སྐོར་ཞིག་གིས་མེ་མདའ་དང་གྲི།

གཏུབ་གྲི་སོགས་བཟུང་ནས་ས་དེའི་སྡོད་དམངས་ལ་འཇབ་རྒོལ་བྱས། ཉེན་རྟོག་ཕྱོགས་དང་བདེ་འཇགས་ལས་ཁུངས་གཞན་པ་འཇབ་རྒོལ་དོན་རྐྱེན་བྱུང་རྗེས་མྱུར་མོར་གནས་དེར་ཐོན་པ་དང་། ས་དེའི་གནས་བབ་ཅང་མ་འགོར་བར་སླར་གསོ་བྱུང་ནས་རྒྱུན་ལྡན་དུ་གྱུར། ཉེན་རྟོག་ཕྱོགས་ཀྱིས་འཇབ་རྒོལ་མཁན་གྱི་ཐོབ་ཐང་ལ་རྟོག་ཞིབ་བྱེད་བཞིན་ཡོད་ལ། མིག་སྔར་ད་རུང་གྱོད་དོན་དང་འབྲེལ་བའི་མི་སྣ་འཛིན་བཟུང་བྱས་མེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།