ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་ལཱ་སི་པེ་ལཱ་ས་ཁུལ་གྱི་དཔོན་རིགས་ཀྱིས་ཚེས་ལྔ་ཉིན་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཞིག་ཉིན་དེར་ས་ཁུལ་དེའི་མཚོ་འགྲམ་མྱུར་བགྲོད་གཞུང་ལམ་ཞིག་དུ་བགྲོད་སྐབས་གྲོག་རོང་དུ་ལྷུང་ནས། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་ལ་རྨས་ཕོག་ཟེར།
དཔོན་རིགས་དེས་གསར་འགོད་པར་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་དེ་པའོ་སི་ནེ་ནས་ཁཱ་ལཱ་ཆི་ཏུ་བགྲོད་པའི་འཆར་གཞི་ཡོད་པ་དང་། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ནི་ལག་རྩལ་གྱི་ཆག་སྐྱོན་བྱུང་བས་རེད་ཟེར།
དོན་རྐྱེན་བྱུང་རྗེས། ཕཱ་ཁི་སི་ཐན་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་མྱུར་དུ་རྒུད་སྐྱོབ་བྱ་འགུལ་སྤེལ་ཏེ། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་དུ་བཅུག བསྒྲགས་པ་ལྟར་ན། ཤི་རྨས་ཐེབས་པའི་མི་སྣའི་གྲས་སུ་བུད་མེད་དང་བྱིས་པ་མང་ཙམ་ཡོད་ཟེར།
ཕཱ་ཁི་སི་ཐན་གྱི་བསྡོམས་རྩིས་ཅུའུ་ཡིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཉིས་སྟོང་བཅུ་གཅིག་ལོའི་ཚུན་ལ། ཕཱ་ཁི་སི་ཐན་དུ་ཆ་སྙོམས་ལོ་རེར་འགྲིམ་འགྲུལ་དོན་རྐྱེན་ཐེངས་སྟོང་དགུ་ཙམ་འབྱུང་བཞིན་ཡོད་པ་དང་། ལོ་རེར་ཆ་སྙོམས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྟོང་བཞི་དང་ལྔ་བརྒྱ་ལས་བརྒལ་ཡོད་པ་རེད།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཕཱ་ཁི་སི་ཐན་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་དགུ་རྐྱེན་ལམ་དུ་ཤོར།