ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ནས་བྱུང་བའི་འཁྲུག་རྩོད་ལས་མི་གོ་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ་བཅུ་བའི་ཚེས་ལྔ་ཉིན། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས་རླངས་འཁོར་གྱི་སྐྱ་བ་མེར་བསྲེག་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་འགྲོ་མིའི་ཐོབ་ཐང་ལས་ཁུངས་ཀྱིས་ཚེས་ལྔ་ཉིན་བསྟན་དོན། བསྟུད་མར་ཉིན་འགའི་རིང་ལ་དབྱི་རག་གི་ས་ཁུལ་མང་བོ་ནས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ནས་བྱུང་བའི་དྲག་ཤུགས་འཁྲུག་རྩོད་ལས་མི་གོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་བཞི་ཙམ་ལ་རྨས་ཕོག་ཟེར། 

དབྱི་རག་གྲོས་ཁང་གི་ཁོངས་སུ་གཏོགས་པའི་འགྲོ་མིའི་ཐབ་ཐང་ཨུ་ཡོན་ལྷན་ཁང་གི་ཁོངས་མི་པཱ་ཡཱ་ཐིས་ཀྱིས་གསར་འགོད་པར་བསྟན་དོན། བསྟུད་མར་ཉིན་འགའི་རིང་ལ། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་དང་ཞིང་ཆེན་མང་བོ་ནས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་བ་དང་། རྔམ་སྟོན་ཁྲོམ་སྐོར་མཁན་དང་བདེ་འཇགས་དམག་དཔུང་བར་འཁྲུག་རྩོད་བྱུང་སྟེ། མིག་སྔར་མི་གོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གསུམ་དང་དགུ་བརྒྱ་དོན་བརྒྱད་ལ་རྨས་ཕོག་ཡོད་ཟེར། 

དབྱི་རག་གི་ཙུང་ལི་ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་ཚེས་བཞི་ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་དེ་ཞི་བདེའི་བགྲོད་ལམ་ལས་བརྒལ་བར་ཡིད་འཕངས་པའི་ཚུལ་བསྟན། ཁོས་དབུལ་ཕོངས་ཁྱིམ་ཚང་ལ་ཁ་གསབ་རོགས་དངུལ་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་པ་དང་། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་རང་ཚོད་བཟུང་ནས་བཅའ་ཁྲིམས་བརྩི་སྲུང་བྱེད་དགོས་པའི་སྐུལ་མ་བཏང་། 

ཟླ་འདིའི་ཚེས་གཅིག་ཉིན་ནས་བཟུང་། དབྱི་རག་གི་ས་ཁུལ་མང་བོ་ནས་སྲིད་གཞུང་གི་རུལ་སུངས་དང་ཞབས་འདེགས་ནུས་པ་ཞན་པ། ལས་ཤོར་གྱི་ཚད་མཐོ་བ་བཅས་ལ་དམིགས་པའི་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ། པཱ་ཀ་ཏཱ་ལས་གཞན་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་དེ་ཅི་ཅཱ་ཨར་དང་ཝ་ཞི་ཐི། མུའུ་སཱ་ནཱ། ནཱ་ཅེ་ཧྥུའུ། པཱ་ཧྲི་ལཱ་སོགས་དབྱི་རག་དབུས་ཕྱོགས་དང་ལྷོ་ཕྱོགས་ཀྱི་ཞིང་ཆེན་མང་བོར་རྒྱ་ཡན་དུ་སོང་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།