སི་ཕན་སྲིད་གཞུང་གིས་ཨ་མེ་རི་ཁས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཐོན་རྫས་སྐོར་ཞིག་ལ་སྒོ་ཁྲལ་བསྡུ་བར་ངོ་རྒོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་ཕན་གྱི་ཡོ་རོབ་གླིང་མནའ་འབྲེལ་ལས་དོན་གྱི་འགན་ཁུར་བའི་རྒྱལ་སྲིད་དྲུང་ཡིག་ཆེན་མོ་ཨ་ཅི་ལི་ཡཱ་ནོའུ་ཡིས་ཚེས་བཞི་ཉིན་སྲིད་གཞུང་གི་ཚབ་བྱས་ཏེ་སི་ཕན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་པཱ་ཁུན་བོས་ནས། ཨ་མེ་རི་ཁ་སྲིད་གཞུང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁར་ཕྱིར་གཏོང་བྱེད་པའི་ཐོན་རྫས་སྐོར་ཞིག་ལ་སྒོ་ཁྲལ་ཁ་སྣོན་བྱེད་རྩིས་ཡོད་པར་ངོ་རྒོལ་བྱས། 

སི་ཕན་གྱི་དབུ་བཞུགས་བློན་ཆེན་བཞུགས་ཤག་གིས་ཚེས་བཞི་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། སི་ཕན་སྲིད་གཞུང་གིས་ཨ་མེ་རི་ཁས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁར་ཕྱིར་གཏོང་བྱེད་པའི་ཐོན་རྫས་ལ་སྒོ་ཁྲལ་ཁ་སྣོན་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཅིང་། ཨ་མེ་རི་ཁས་མ་འོངས་པའི་གཟའ་འཁོར་འགའི་ནང་གྲོས་མཐུན་ཞིག་འགོད་པའི་དགོས་པ་ངོས་ཟིན་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྱད་ཆོས་མངོན་པའི་མཉམ་ལས་ཀྱི་སྙིང་སྟོབས་དང་བཟོད་སྒོམ་སྙིང་སྟོབས་ལ་གཏོར་བརླག་ཐེབས་པར་སྔོན་འགོག་བྱེད་དགོས་ཟེར། 

གསལ་སྒྲོག་ལས་ནན་གྱིས་བསྟན་དོན། གལ་ཏེ་ཨ་མེ་རི་ཁའི་སྲིད་གཞུང་གིས་སི་ཕན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཏོན་པའི་གྲོས་མོལ་གྱི་འདོད་བློ་དང་ལེན་མ་བྱས་ན། སི་ཕན་སྲིད་གཞུང་གིས་མྱུར་དུ་རང་གི་འགྱུར་བ་མེད་པའི་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ནས། རྒྱལ་ཁབ་རང་གི་སྤྱི་དམངས་དང་ཁེ་ལས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ངེས་ཡིན་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། སི་ཕན་གྱི་ཞིང་ལས་དང་ཉ་གསོ་ལས་རིགས། ཟས་རིགས་བཅས་ཀྱི་འགན་ཁུར་བའི་བློན་ཆེན་ཕུའུ་ལཱ་ནཱ་སི་གཟའ་འཁོར་རྗེས་མར་ཕུའུ་ལུའུ་སེར་དུ་སོང་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ནང་ཁུལ་གྱི་གྲོས་ཚོགས་ལ་ཞུགས་ཏེ། དགོས་གལ་ཆེ་ཞིང་བྲེལ་མྱུར་ལྡན་པའི་ཐག་གཅོད་བྱེད་ཐབས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།