ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་རེ་སིའི་ཉེན་རྟོག་ཅུའུ་ཡི་སྤྱི་ཁྱབ་པུའུ་ནས་གྲི་བཟུང་ནས་འཇབ་རྒོལ་བྱེད་པའི་དོན་རྐྱེན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ་བཅུ་བའི་ཚེས་གསུམ་ཉིན། ཧྥ་རན་སིའི་ཕཱ་རེ་སི་ནས། ཉེན་རྟོག་པས་ཉེན་རྟོག་ཅུའུ་ཡི་འཇབ་རྒོལ་དོན་རྐྱེན་བྱུང་སའི་ཉེ་འདབས་སུ་ཉེན་ཟོན་བྱེད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཕཱ་རེ་སིའི་ཉེན་རྟོག་ཅུའུ་ཡི་སྤྱི་ཁྱབ་པུའུ་ནས་ཚེས་གསུམ་ཉིན་གྲི་བཟུང་ནས་འཇབ་རྒོལ་བྱེད་པའི་དོན་རྐྱེན་བྱུང་། གྲི་བཟུང་བའི་སྐྱེས་པ་ཞིག་གིས་ཉེན་རྟོག་ཅུའུ་ཡི་ནང་དུ་ཉེན་རྟོག་པ་མང་བོར་འཇབ་རྒོལ་བྱས་རྗེས་གཞན་གྱིས་བསད་པ་རེད། ཉུང་མཐར་ཡང་ཉེན་རྟོག་ཅུའུ་ཡི་ལས་བྱེད་མི་སྣ་བཞིར་ཤི་རྨས་ཐེབས་ཡོད་པ་རེད། 

བསྒྲགས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ནི་ཉིན་དེའི་ཕྱི་དྲོའི་དུས་ཚོད་གཅིག་ཡས་མས་སུ་བྱུང་བ་རེད། ཉེན་རྟོག་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཐི་ལཱ་ཝེ་ཨར་གྱིས་བཤད་རྒྱུར། འཇབ་རྒོལ་མཁན་ནི་ཕཱ་རེ་སིའི་ཉེན་རྟོག་ཅུའུ་སྤྱི་ཁྱབ་པུའུ་ཡི་ལས་བྱེད་མི་སྣ་ཞིག་རེད་ཟེར། མིག་སྔར་ཧྥ་རན་སིའི་དཔོན་ཕྱོགས་ཀྱིས་འཇབ་རྒོལ་མཁན་གྱི་ཐོབ་ཐང་དང་འཇབ་རྒོལ་དམིགས་ཡུལ་གསལ་བོར་བསྒྲགས་མེད་པ་དང་། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ཙུང་ལི་ཧྥེ་ལེ་ཕུའུ། ནང་སྲིད་པུའུ་ཡི་པུའུ་ཀྲང་ཁཱ་སི་ཐཱ་ནེ་བཅས་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།