དབྱི་སི་རལ་གྱི་སྐབས་ཉེར་གཉིས་པའི་གྲོས་ཁང་གི་གྲོས་མིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

༡.jpg

ཟླ་བཅུ་བའི་ཚེས་གསུམ་ཉིན། དབྱི་སི་རལ་གྱི་ལེ་ཁུའུ་ཏི་སྡེ་ཚོགས་ཀྱི་མགོ་ཁྲིད་པ། ད་ལྟའི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡེ་ལུའུ་སཱ་ལེམ་ནས་སྤེལ་བའི་སྐབས་ཉེར་གཉིས་པའི་གྲོས་ཁང་གི་གྲོས་མིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་མཛད་སྒོར་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་གསར་དུ་བདམས་པའི་སྐབས་ཉེར་གཉིས་པའི་གྲོས་ཁང་གི་གྲོས་མིས་ཚེས་གསུམ་ཉིན་ཡེ་ལུའུ་སཱ་ལེམ་དུ་ཡོད་པའི་གྲོས་ཁང་ཐོག་ཁང་ཆེན་མོ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

དབྱི་སི་རལ་གྱི་ཙུང་ཐུང་ལི་ཧྥུའུ་ལིན་གྱིས་ཉིན་དེར་གྲོས་ཁང་ཐོག་ཁང་ཆེན་མོ་ནས་གཏམ་བཤད་སྤེལ་ཏེ། གཡས་ཕྱོགས་སྲིད་ཏང་ལེ་ཁུའུ་ཏི་སྡེ་ཚོགས་དང་བར་གནས་ཏང་ཁག་སྔོ་དཀར་ཏང་གིས་མཉམ་དུ་གྲུབ་པའི་མཉམ་འབྲེལ་སྲིད་གཞུང་འཛུགས་དགོས་པའི་འབོད་སྐུལ་བཏང་། 

ཨ་རབ་སྲིད་ཏང་མནའ་འབྲེལ་གྱི་མཉམ་འབྲེལ་མིང་ཐོའི་ཏང་གི་གྲོས་མི་བཅུ་གསུམ་ཉིན་དེའི་དམ་བཅའ་བཞག་ནས་ལས་འགན་ཁུར་བའི་མཛད་སྒོར་ཞུགས་མེད་པ་དང་། ཚུལ་དེ་འདྲས་དབྱི་སི་རལ་གྱི་ཨ་རབ་སྡོད་ཁུལ་གྱི་དྲག་ཤུགས་དོན་རྐྱེན་ཇེ་མང་དུ་སོང་བར་ངོ་རྒོལ་བྱས། 

དབྱི་སི་རལ་གྱི་སྐབས་ཉེར་གཉིས་པའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཟླ་དགུ་བའི་ཚེས་བཅུ་བདུན་ཉིན་སྤེལ། རྒྱལ་སྲུང་དམག་དཔུང་གི་སྔོན་ཆད་ཀྱི་སྤྱིའི་ཇུས་འདོན་དཔོན་པོ་ཀན་ཚི་ཡིས་མགོ་ཁྲིད་པའི་སྔོ་དཀར་ཏང་ལ་ལས་གནས་སོ་གསུམ་ཐོབ་པ་དང་། ད་ལྟའི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མགོ་ཁྲིད་པའི་ལེ་ཁུའུ་ཏི་སྡེ་ཚོགས་ལ་ལས་གནས་སོ་གཉིས་ཐོབ། ནེ་ཀི་རྩ་འཛུགས་བྱེད་པར་གྲོས་བསྡུར་བྱས་པའི་མཇུག་འབྲས་ལྟར་ན། གྲོས་མི་ང་ལྔ་ཡིས་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་པར་མཚམས་སྦྱོར་བྱས་པ་དང་། གྲོས་མི་ང་བཞི་ཡིས་ཀན་ཚི་མཚམས་སྦྱོར་བྱས་ཡོད། ཁོ་གཉིས་ལ་སྲིད་གཞུང་རྩ་འཛུགས་བྱེད་པར་མཁོ་བའི་གྲོས་མི་མང་ཆེ་བའི་རྒྱབ་སྐྱོར་ཐོབ་མེད། 

ལི་ཧྥུའུ་ལིན་གྱིས་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་པའི་དབང་ཆ་དངོས་སུ་བྱིན་པ་ཁྱབ་སྒྲོག་བྱས། དབྱི་སི་རལ་གྱི་བཅའ་ཁྲིམས་ལྟར་ན། གལ་ཏེ་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་ཞེ་གཉིས་ཀྱི་ཡུན་ཚད་ནང་སྲིད་གཞུང་རྩ་འཛུགས་བྱེད་མ་ཐུབ་ན། ཙུང་ཐུང་གིས་ཀན་ཚི་དང་ཡང་ན་སྲིད་ཏང་གཞན་པའི་མགོ་ཁྲིད་པར་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་བྱིན་ཆོག་པ་རེད། 

དབྱི་སི་རལ་གྲོས་ཁང་གིས་གྲོས་ཁང་གཅིག་གི་ལམ་ལུགས་ལག་བསྟར་བྱེད་ཅིང་། བསྡོམས་པས་གྲོས་མི་བརྒྱ་དང་ཉི་ཤུ་ཡོད་ལ། འགན་ཡུན་ལོ་ངོ་བཞི་རེད། གཏན་འཁེལ་ལྟར་ན། གྲོས་ཁང་གི་ཕྱེད་ཀའི་ཡན་གྱི་ལས་གནས་ཐོབ་པའི་སྲིད་ཏང་གིས་ཁེར་རྐྱང་དུ་ནེ་ཀི་རྩ་འཛུགས་བྱས་ཆོག་པ་རེད། ཏང་ཁག་ཆུང་འབྲིང་མང་བོ་ཡོད་པའི་དབང་གིས་དབྱི་སི་རལ་གྱི་ལོ་རྒྱུས་སྟེང་སྲིད་ཏང་གཅིག་གིས་ནེ་ཀི་རྩ་འཛུགས་བྱས་པའི་གནས་ཚུལ་བྱུང་མྱོང་མེད་པ་དང་། སྐབས་རིམ་བྱོན་གྱི་ནེ་ཀི་ཚང་མ་ནི་སྲིད་ཏང་མང་བོས་བཙུགས་པའི་མཉམ་འབྲེལ་སྲིད་གཞུང་ཡིན་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།