ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་དཔོན་རིགས་ཀྱིས་ཁྲའོ་ཞན་དང་ཨ་མེ་རི་ཁས་ཟླ་འདིའི་ཚེས་ལྔ་ཉིན་བྱ་བའི་གྲོས་མོལ་སྤེལ་རྒྱུ་ཐག་བཅད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡིས་དབུ་བཞུགས་བློན་ཆེན་གཞོན་པ་དང་པོ་ཚོས་ཧྲན་ཅི་ཡིས་ཟླ་བཅུ་བའི་ཚེས་གཅིག་ཉིན་བསྟན་དོན། ཁྲའོ་ཞན་དང་ཨ་མེ་རི་ཁས་ཟླ་འདིའི་ཚེས་ལྔ་ཉིན་ཁྲའོ་ཞན་དང་ཨ་མེ་རི་ཁའི་བྱ་བའི་གྲོས་མོལ་སྤེལ་རྒྱུ་ཐག་བཅད་ཡོད་ཟེར། 

ཚོས་ཧྲན་ཅི་ཡིས་བཤད་རྒྱུར། ཁྲའོ་ཞན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཟླ་བཅུ་བའི་ཚེས་བཞི་ཉིན་གྲ་སྒྲིག་འབྲེལ་འདྲིས་བྱས་ནས། ཚེས་ལྔ་ཉིན་བྱ་བའི་གྲོས་མོལ་སྤེལ་རྒྱུ་ཐག་བཅད་ཡོད་ཟེར། ཁྲའོ་ཞན་ཕྱོགས་ཀྱི་འཐུས་མིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་བྱ་བའི་གྲོས་མོལ་ལ་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། ཚོས་ཧྲན་ཅི་ཡིས་བསྟན་དོན། ཐེངས་འདིའི་བྱ་བའི་གྲོས་མོལ་ནས་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ད་ལོའི་ཟླ་དྲུག་པའི་ཟླ་མཇུག་ཏུ་པན་མིན་ཏེན་ནས་གྲོས་མོལ་བྱས་རྗེས། ཕྱོགས་གཉིས་ཀྱི་གྲོས་མོལ་མཚམས་ཆད་པ་རེད། ཚོས་ཧྲན་ཅི་ཡིས་ཟླ་སྔོན་མར་ཨ་མེ་རི་ཁར་གྲོས་གཞི་བཏོན་ཏེ། ཁྲའོ་ཞན་གྱིས་ཟླ་དགུ་བའི་ཟླ་སྨད་དུ་ཨ་མེ་རི་ཁའི་བར་བྱ་བའི་གྲོས་མོལ་སྤེལ་ནས། ཨ་མེ་རི་ཁས་སྐབས་དེར་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་འཚམ་ཞིང་ཁྲའོ་ཞན་གྱིས་དང་ལེན་བྱེད་ཐུབ་པའི་ཇུས་གཞི་གསར་བ་འདོན་པའི་སྐུལ་མ་བཏང་། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།