ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ལྷོ་ཕྱོགས་ས་ཁུལ་ནས་མི་བསྡད་མེད་པའི་གནམ་གྲུ་ཞིག་སར་འཕངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཐུར་ཁེའི་དམག་ཕྱོགས་ཀྱི་འཐབ་འཛིང་གནམ་གྲུས་ཉིན་དེར་ཐུར་ཁེའི་ལྷོ་ཕྱོགས་ཀྱི་སི་རི་ཡཱ་དང་ཉེ་བའི་མཐའ་མཚམས་ས་ཁུལ་ནས་མི་བསྡད་མེད་པའི་གནམ་གྲུ་ཞིག་སར་འཕངས་ཟེར། 

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མི་བསྡད་མེད་པའི་གནམ་གྲུ་དེ་ཐེངས་མང་བོར་ཐུར་ཁེའི་མངའ་ཁོངས་སུ་འཕུར་བསྐྱོད་བྱས་པས། ཐུར་ཁེའི་དམག་དཔུང་གིས་འཐབ་འཛིང་གནམ་གྲུ་མངག་ནས་དེ་སར་འཕངས་པ་ཡིན་ཟེར། མིག་སྔར་ད་རུང་མི་བསྡད་མེད་པའི་གནམ་གྲུ་དེ་རྒྱལ་ཁབ་གང་གི་ཡིན་པ་གསལ་བོར་མི་ཤེས། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། མི་བསྡད་མེད་པའི་གནམ་གྲུའི་ཆག་རོ་ཐུར་ཁེའི་ལྷོ་ཕྱོགས་ཀྱི་སི་རི་ཡཱ་དང་འདབས་འབྲེལ་དུ་ཡོད་པའི་ཅི་ལེ་སི་ཞིང་ཆེན་ནས་རྙེད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།