ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་མནའ་འབྲེལ་མིན་པའི་ལས་འགུལ་དང་ཀྲུང་གོས་ཐུན་མོང་གིས་བཏོན་པའི་འཕེལ་རྒྱས་དབང་ཆའི་གྲོས་ཆོད་ལ་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཞེ་གཉིས་པ་ཚེས་ཉེར་བདུན་ཉིན་མང་ཆེ་བ་ཡིད་འཐད་བྱུང་བའི་མཇུག་འབྲས་ཀྱིས་མནའ་འབྲེལ་མིན་པའི་ལས་འགུལ་དང་ཀྲུང་གོས་ཐུན་མོང་གིས་བཏོན་པའི་འཕེལ་རྒྱས་དབང་ཆའི་གྲོས་ཆོད་ལ་གྲོས་མཐུན་བཀོད། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་འཕེལ་རྒྱས་དབང་ཆ་མངོན་འགྱུར་བྱེད་པར་འབོད་སྐུལ་དྲག་པོ་བཏང་ཡོད།

གྲོས་ཆོད་ནས་བསྐྱར་སྒྲོག་བྱས་པའི་འཕེལ་རྒྱས་དབང་ཆ་ནི་གཞན་གྱིས་འཕྲོག་ལེན་བྱེད་མི་རུང་བའི་ཡོངས་ཁྱབ་ཀྱི་ཁེ་དབང་ཞིག་ཡིན་ཞིང་། འཕེལ་རྒྱས་དབང་ཆ་དེ་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་བྱེད་པར་གལ་འགངས་ཧ་ཅང་ཆེ། དབུལ་ཕོངས་སེལ་བ་ནི་འཕེལ་རྒྱས་དབང་ཆར་སྐུལ་འདེད་དང་མངོན་འགྱུར་བྱེད་པའི་གནད་འགག་ཡིན་ལ། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན་ཟེར། གྲོས་ཆོད་ལས་རྒྱལ་ཁབ་སོ་སོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འཕེལ་རྒྱས་དབང་ཆའི་བསྒྲགས་གཏམ་ཕྱོགས་ཡོངས་ནས་དངོས་འབེབ་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་བཀག་རྒྱ་མེད་པར་བཏང་སྟེ་འཕེལ་རྒྱས་དབང་ཆ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། གྲོས་ཆོད་ལས་འཕེལ་རྒྱས་དབང་ཆའི་གནད་དོན་བྱ་བའི་ཚན་ཆུང་གིས་བཅའ་ཁྲིམས་ཀྱི་ཚད་བཀག་ལྡན་པའི་གྲོས་ཆོད་གཏན་འབེབས་བྱེད་པར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་རྒྱབ་སྐྱོར་ཐོབ་པར་དགའ་བསུ་ཞུས། ཝེ་ནེ་ཙུའེ་ལཱ་སོགས་རྒྱལ་ཁབ་ཀྱི་འཐུས་མིས་ལང་ལོང་སྒོས་བསྟན་དོན། འཕེལ་རྒྱས་དབང་ཆ་ལྷག་ཏུ་གལ་ཆེན་ཡིན་པ་དང་། འགྲོ་མིའི་ཐོབ་ཐང་གཞན་པ་མངོན་འགྱུར་བྱེད་པར་སྲོག་ཤིང་གི་ནུས་པ་ལྡན། འཕེལ་རྒྱས་དབང་ཆ་མེད་ན་འགྲོ་མིའི་ཐོབ་ཐང་གཞན་པ་གླེང་ཐབས་མེད། ཕྱོགས་ཁག་སོ་སོས་འཕེལ་རྒྱས་དབང་ཆ་དངོས་འབེབ་བྱེད་པའི་ཐད་ནས་དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་སྟེ། འཕེལ་རྒྱས་དབང་ཆའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། བཅའ་ཁྲིམས་ཀྱི་བཀག་རྒྱ་ལདན་པའི་འཕེལ་རྒྱས་དབང་ཆའི་རྒྱལ་སྤྱིའི་ཡིག་ཆ་མྱུར་མོར་གཏན་འབེབས་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།