ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་བཟུང་དམག་བརྗེ་སྤོར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཉིན་དེར་བྱང་ཕྱོགས་ཀྱི་ཅོ་ཧྥུའུ་ཞིང་ཆེན་ནས་བཟུང་དམག་ཉེར་དྲུག་བརྗེ་སྤོར་བྱས། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་དམག་དཔུང་གི་དཔོན་པོ་ཞིག་གིས་བཤད་རྒྱུར། ས་དེའི་ཚོ་ཁག་གིས་བར་འདུམ་བྱས་འོག ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཉིན་དེར་ཅོ་ཧྥུའུ་ཞིང་ཆེན་བྱང་ངོས་ཀྱི་མཱ་ཐུང་ས་ཁུལ་ནས་བཟུང་དམག་བཅུ་གསུམ་རེ་ཕྱིར་བཏང་ཟེར། 

ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཉིན་དེར་བསྒྲགས་པ་ལྟར་ན། ཅོ་ཧྥུའུ་ཞིང་ཆེན་གྱི་ས་གནས་ཚོ་ཁག་གིས་བར་འདུམ་བྱས་འོག ཧུའུ་སེ་དྲག་ཆས་པའི་མི་སྣ་བཅུ་གསུམ་ཕྱིར་བཏང་ཟེར། བསྒྲགས་པའི་གནས་ཚུལ་ལས་དྲག་ཆས་རྩ་འཛུགས་དེས་ཕྱིར་བཏང་བའི་སྲིད་གཞུང་དམག་མིའི་ཁ་གྲངས་གསལ་བོར་བསྒྲགས་མེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།