ཀྲུང་གོ་བོད་ཀྱི་དྲ་བ།

ཐུའུ་སི་ཁི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་གཏམ་བཤད་སྤེལ་ཏེ་ཕྱོགས་མང་རིང་ལུགས་ལ་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་ཡིས་ཚེས་ཉེར་དྲུག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བའི་སྤྱིར་བཏང་གི་དཔྱད་གླེང་སྟེང་གཏམ་བཤད་སྤེལ་སྐབས། འཛམ་གླིང་ཡོངས་ཀྱི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

དེ་ནི་ཐུའུ་སི་ཁི་ཡི་འགན་ཡུན་ནང་ཆེས་མཇུག་མཐར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་གཏམ་བཤད་སྤེལ་བ་རེད། ཁོས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ཕྱོགས་མང་རིང་ལུགས་ནི་ད་ལྟར་ཉན་ན་ཀུན་གྱི་ཡིད་དབང་འགུག་ཐུབ་པ་ཞིག་མིན་ཡང་། ང་རང་གིས་བལྟས་ན་འཛམ་གླིང་ཡོངས་ཀྱི་ཕྱོགས་མང་རིང་ལུགས་དང་མཐུན་སྒྲིལ་གྱི་དོན་སྙིང་གཅིག་འདྲ་ཡིན་པར་བསམ་ཡོད་ཟེར། 

ཐུའུ་སི་ཁི་ཡིས་བཤད་རྒྱུར། ཁོས་གཏམ་བཤད་ལ་མི་རེ་འགས་ཉིན་གཉིས་ཀྱི་སྔོན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་སྤེལ་བའི་གཏམ་བཤད་ལས་བློ་སྒོ་འབྱེད་ཡོད་ཟེར། ཐུའུ་སི་ཁིའི་བསམ་ཚུལ་དེ་ནི་མངོན་སུམ་དུ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་སྐྱོན་འཛུགས་བྱེད་པའི་ཆེད་དུ་རེད་ཟེར། 

ཐི་ལིང་ཕུའུ་ཡིས་ཚེས་ཉེར་བཞིའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་གཏམ་བཤད་སྤེལ་སྐབས་མ་འོངས་པ་འཛམ་གླིང་ཡོངས་ཀྱི་ཕྱོགས་ཡོངས་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ལ་མི་དབང་བར་རྒྱལ་གཅེས་མཁན་ལ་དབང་བ་ཡིན་ཟེར། 

ཐུའུ་སི་ཁི་ཡིས་བལྟས་ན། ཐི་ལིང་ཕུའུ་ཡིས་བརྗོད་པའི་རྒྱལ་གཅེས་རིང་ལུགས་ལས་རང་ཕན་རིང་ལུགས་འབྱུང་སྲིད་པར་འདོད། རྒྱལ་ཁབ་མང་བོའི་ལོ་རྒྱུས་ལས་མངོན་པ་ལྟར་ན། མེས་རྒྱལ་ལ་བཅངས་པའི་བརྩེ་བ་དང་ཁྱིམ་མཚེས་རྒྱལ་ཁབ་ལ་བཅངས་པའི་འཁོན་སེམས་སུ་འགྱུར་སླ་བ་རེད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།