ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཙུང་ཐུང་གིས་ཀྲུང་གོའི་བར་གྱི་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་འཚམ་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ཐུང་ལི་ཧྥུའུ་ལིན་གྱིས་ཚེས་ཉེར་ལྔ་ཉིན་དབྱི་སི་རལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲན་ཡུང་ཞིན་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། དབྱི་སི་རལ་དང་ཀྲུང་གོའི་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་འཚམ་ལ། འཛམ་གླིང་ཡོངས་ལ་ཕན་ཐོགས་འབྱུང་ངེས་རེད་ཟེར། 

ལི་ཧྥུའུ་ལིན་གྱིས་དབྱི་སི་རལ་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོའི་མི་དམངས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འགོར་བར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཀྲུང་གོས་འདས་པའི་ལོ་ངོ་བདུན་ཅུའི་ནང་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་ཡོད་པ་དང་། སྤྱི་ཚོགས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད། དབྱི་སི་རལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཉེ་བའི་ལོ་འགའི་རིང་ལ་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ཀྲུང་གོའི་ཁེ་ལས་དག་དབྱི་སི་རལ་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞི་མང་བོའི་འཛུགས་སྐྲུན་ནང་ཞུགས་ཏེ། དབྱི་སི་རལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར། 

ཀྲན་ཡུང་ཞིན་གྱིས་ཙུང་ཐུང་ལི་ཧྥུའུ་ལིན་གྱིས་རྟེན་འབྲེལ་ཞུས་པར་བཀའ་དྲིན་ཆེ་ཞུས་པ་དང་། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་ཡོད་ཅིང་། དངོས་གཉེར་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་དབྱི་སི་རལ་དང་ལག་རྡང་སྦྲེལ་ནས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།