ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་མེ་འཁོར་ཞིག་ལྕགས་ལམ་ལས་བརྒལ་ནས་མི་དགུ་བཅུ་ལྷག་ལ་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཤར་ལྷོའི་ཕྱོགས་ཀྱི་ཞེ་སི་ཐན་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན་དུ་ཚེས་ཉེར་ལྔ་ཉིན་འགྲུལ་སྐྱེལ་མེ་འཁོར་ཞིག་ལྕགས་ལམ་ལས་བརྒལ་བའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་གོ་གཉིས་ལ་རྨས་ཕོག་ཟེར། 

དབྱི་ལིང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། ཞེ་སི་ཐན་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཀྲ་ཧེ་ཏན་ནས་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་བགྲོད་པའི་འགྲུལ་སྐྱེལ་མེ་འཁོར་ཞིག་ཀྲ་ཧེ་ཏན་གྲོང་ཁྱེར་དང་བྲལ་ནས་ཅང་མ་འགོར་བར་ལྕགས་ལམ་ལས་བརྒལ་ནས་མི་སྣར་ཤི་རྨས་བཟོས་པ་རེད། དོན་རྐྱེན་བྱུང་སྐབས་མེ་འཁོར་སྟེང་དུ་བསྡོམས་པས་འགྲུལབ་ཉིས་བརྒྱ་དང་ལྔ་བཅུ་ཡོད་པ་རེད། 

བསྒྲགས་པ་ལྟར་ན། རྒུད་སྐྱོབ་མི་སྣ་ཡུལ་དངོས་སུ་སོང་ཡོད་པ་དང་། ཤི་རྨས་ཐེབས་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་ཡང་སྲིད། འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།