ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་པུའུ་ཀྲང་ཞིག་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱི་འབྲེལ་མི་སྣས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་ཡེ་ལུའུ་སཱ་ལེམ་ལས་དོན་གྱི་པུའུ་ཀྲང་ཞེ་ཏི་མུས་ཉིན་དེར་ཡེ་ལུའུ་སཱ་ལེམ་ཤར་མའི་རང་ཁྱིམ་ནས་དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་ཟེར། 

དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་དོན་བདེན་དཔང་བྱས། ཞེ་ཏི་མུས་འཛིན་བཟུང་བྱས་པ་ནི་ཁོས་ཡེ་ལུའུ་སཱ་ལེམ་ཤར་མ་ནས་ཆབ་སྲིད་བྱ་འགུལ་གཉེར་ནས། དབྱི་སི་རལ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་འགལ་ཡོད་པས་ཡིན་ཟེར། དེའི་སྔོན་ཞེ་ཏི་མུས་ཐེངས་མང་བོར་དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་མྱོང་། 

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱིས་དབྱི་སི་རལ་གྱི་འཛིན་བཟུང་འགུལ་སྐྱོད་དེར་རྒོལ་གཏམ་བཏང་། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཧུའུ་སི་ནེ་ཡིས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་ཡེ་ལུའུ་སཱ་ལེམ་ནས་རྒྱུན་པར་ཕཱ་ལེ་སི་ཐན་གྱི་མི་འཛིན་བཟུང་བྱས་པ་ལས་ཡེ་ལུའུ་སཱ་ལེམ་གྱི་སྡོད་དམངས་ཀྱི་ཁེ་ཕན་ལ་གནོད་པ་བཟོས་ཡོད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ཕཱ་ལེ་སི་ཐན་གྱི་ཡེ་ལུའུ་སཱ་ལེམ་གྱི་ཧྲིན་ཀྲང་ཀའེ་ཞིན་གྱི་ཁྱིམ་དུ་སོང་ནས་སྔོག་བཤེར་བྱས་པ་དང་། ཡེ་ལུའུ་སཱ་ལེམ་ཤར་མ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཕཱ་ལེ་སི་ཐན་གྱི་མི་བཅུ་བཞི་འཛིན་བཟུང་བྱས། དེ་མིན་ཞི་པའོ་ལོན་ཉེ་འདབས་སུ་ཕཱ་ལེ་སི་ཐན་གྱི་སྡོད་དམངས་ཁང་བ་གཉིས་བཙན་གྱིས་བཤིག་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།