ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་ཉེར་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་རྒྱལ་ས་ཁེ་རོའི་ཉེ་འདབས་སུ་འཇིགས་སྐུལ་ཉེས་ཅན་བར་འཁྲུག་རྩོད་བྱས་ཏེ། ཉུང་མཐར་ཡང་འཇིགས་སྐུལ་ཉེས་ཅན་དྲུག་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཉེན་རྟོག་ཕྱོགས་ལ་འགུལ་སྐྱོད་མ་སྤེལ་གོང་གསང་འཕྲིན་འབྱོར་བ་དང་། འཇིགས་སྐུལ་ཉེས་ཅན་སྐོར་ཞིག་ཁེ་རོའི་ཉེ་འདབས་ཀྱི་བཅུ་བའི་ཚེས་དྲུག་མཁར་ནང་དུ་སྦས་སྐོང་བྱས་ཡོད་ལ། ཁོ་ཚོས་ཁི་ཕུའུ་ཐི་ཆོས་ཁང་དང་ཨེ་ཅིབ་ཀྱི་ལས་ཁུངས་གཙོ་བོ། དམག་དོན་དང་བདེ་འཇགས་སྡེ་ཁག་བཅས་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་བྱ་འགུལ་རབ་དང་རིམ་པར་འཆར་འགོད་བྱེད་བཞིན་ཡོད་པ་ཤེས་ཟེར། 

ཨེ་ཅིབ་དཔོན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། འཇིགས་སྐུལ་ཉེས་ཅན་དྲུག་པོ་དེ་ཨེ་ཅིབ་དབང་འཛིན་ལས་ཁུངས་ཀྱིས་འཇིགས་སྐུལ་རྩ་འཛུགས་ཀྱི་མིང་ཐོའི་ནང་བཞག་ཡོད་པའི་མུའུ་སི་ལིན་སྤུན་ཟླའི་ཚོགས་པའི་ཁོངས་མི་ཡིན་པ་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།