ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་བྱང་ཤར་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་ཀུང་པེ་ཀྲིག་ནས་ཚེས་ཉེར་བཞིའི་ཉིན་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུར་རྨས་སྐྱོན་ལྗིད་མོ་ཕོག 

ཀུང་པེ་ཀྲིག་གི་ཉེན་རྟོག་ཅུའུ་ཡི་ཅུའ་ཀྲང་གཞོན་པ་ནཱ་ཞི་ལུའུ*མུའུ་ཧན་མའོ་ཏི་ཡིས་གསར་འགོད་པར་བཤད་རྒྱུར། ཚེས་ཉེར་བཞི་ཉིན་གྱི་ཞོགས་པར། བཟོ་སྐྲུན་རྒྱུ་ཆ་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཞིག་ས་དེའི་མྱུར་བགྲོད་གཞུང་ལམ་ཞིག་གི་ཟམ་པ་ཞིག་བརྒྱུད་སྐབས་ཁ་ལོ་བྱེད་ཐབས་བྲལ་ནས། ལམ་དུ་བགྲོད་བཞིན་པའི་རླངས་འཁོར་དང་འཕྲུལ་རྟ་མང་བོར་ཐོ་བརྒྱབ་སྟེ། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུར་རྨས་ལྗིད་མོ་ཕོག་ཡོད་ཟེར། 

ཁོས་བཤད་རྒྱུར། བགྲོད་ལམ་དེའི་སྟེང་ཉེ་སྔོན་འགྲིམ་འགྲུལ་དོན་རྐྱེན་མང་དུ་བྱུང་མྱོང་ཟེར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། ཐེངས་འདིའི་དོན་རྐྱེན་བྱུང་སྐབས་དངོས་སྐྱེལ་རླངས་འཁོར་གྱི་འགག་ཟྭར་སྐྱོན་བྱུང་བའི་སྣང་ཚུལ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།