ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཙེ་ཨོ་ཕི་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཙེ་ཨོ་ཕི་ཡཱའི་ཨ་མུའུ་ཧཱ་ལཱ་ཀྲིག་གི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་ཚེས་ཉེར་བཞིའི་ཉིན་བསྒྲགས་པ་ལྟར་ན། ཨ་མུའུ་ཧཱ་ལཱ་ཀྲིག་ཏུ་ཉེ་སྔོན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་ཟེར། 

ཨ་མུའུ་ཧཱ་ལཱ་ཀྲིག་གི་འགྲིམ་འགྲུལ་ཉེན་རྟོག་དཔོན་པོ་མཱེ་ཁུའུ་ལི་ཡཱ་ཡིས་བཤད་རྒྱུར། ཚེས་ཉེར་གསུམ་ཉིན་ཨ་མུའུ་ཧཱ་ལཱ་ཀྲིག་གི་ཞི་ཀི་ཅཱ་མུའུ་ས་ཁུལ་དུ། དངོས་སྐྱེལ་རླངས་འཁོར་ཞིག་དང་ཁ་གཏད་ནས་ཡོང་བའི་འགྲུལ་སྐྱེལ་རླངས་འཁོར་ཞིག མི་འདྲུད་ཤིང་རྟ་ཞིག་བཅས་ཕན་ཚུན་ཐོ་བརྒྱབ་པ་རེད། དོན་རྐྱེན་བྱུང་བའི་རླངས་འཁོར་དེ་གཉིས་ཀུ་དོག་པའི་ཟམ་པ་ཞིག་བརྒྱུད་སྐབས་རླངས་འཁོར་གྱི་བར་ཐག་དོག་དྲགས་ནས་ཐོ་བརྒྱབ་པ་རེད། 

མིག་སྔར་རྨས་མ་སྐོར་ཞིག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།