ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་བཀག་འཇོག་བྱས་པའི་དབྱིན་ཇིའི་སྣུམ་འདྲུད་གྲུ་གཟིངས་ཕྱིར་གཏོང་བའི་འབྲེལ་ཡོད་ཁྲིམས་འཛིན་ལས་རིམ་ཡོངས་འགྲུབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་སྲིད་གཞུང་གི་མགྲིན་ཚབ་པ་ལཱ་པུས་ཀྱིས་ཚེས་ཉེར་གསུམ་ཉིན་བསྟན་དོན། དེའི་སྔོན་བཀག་འཇོག་བྱས་པའི་དབྱིན་ཇིའི་ཧྲི་ཏན་ནཱ་བཙན་རྒྱལ་རྟགས་ཅན་གྱི་སྣུམ་འདྲུད་གྲུ་གཟིངས་ཕྱིར་གཏོང་བའི་འབྲེལ་ཡོད་ཁྲིམས་འཛིན་ལས་རིམ་ཡོངས་འགྲུབ་བྱས་ཟེར། 

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ལཱ་པུས་ཀྱིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ད་རུང་བསྟན་དོན། བཀག་འཇོག་བྱས་པའི་དབྱིན་ཇིའི་སྣུམ་འདྲུད་གྲུ་གཟིངས་དེ་ཕྱིར་གཏོང་བའི་གྲ་སྒྲིག་བྱ་བ་ཡོངས་འགྲུབ་བྱས་ཡོད་ཟེར། 

ཚེས་ཉེར་གཉིས་ཉིན། དབྱི་ལིང་ཧའོ་ཨར་མུའུ་ཙི་ཀན་ཞིང་ཆེན་གྱི་གྲུ་ཁ་དང་མཚོ་དོན་རྩ་འཛུགས་ཀྱི་དཔོན་རིགས་ཀྱིས་བཤད་རྒྱུར། ཧྲི་ཏན་ནཱ་བཙན་རྒྱལ་རྟགས་ཅན་གྱི་གྲུ་གཟིངས་དེ་ཅང་མི་འགོར་བར་ཞིང་ཆེན་དེའི་ཨ་པཱ་སི་གྲུ་ཁ་དང་བྲལ་ནས་རྒྱལ་སྤྱིའི་མཚོ་ཁོངས་སུ་བགྲོད་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།