ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་བྱང་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ཅིར་ཅི་ཐི་དང་པའོ་ཨར་ཏིས་སི་ཐན་ས་ཁུལ་གྱི་ཆི་ལཱ་སི་ནས་ཉིན་དེར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མིག་སྔར་ཉུང་མཐར་ཡང་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཉིས་ལ་རྨས་ཕོག་ཡོད་ཟེར། 

བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ཞིག་ཉིན་དེའི་སྔ་དྲོར་ཆི་ལཱ་སི་རི་ཁུལ་དུ་བགྲོད་སྐབས། དཀྱོགས་མཚམས་ཀྱི་མྱུར་ཚད་ལས་བརྒལ་བའི་དབང་གིས་འགག་ཟྭར་སྐྱོན་བྱུང་སྟེ་རི་ངོས་ལ་ཐོ་བརྒྱབ་པ་དང་། རླངས་འཁོར་ལ་གཏོར་བརླག་ཚབས་ཆེན་ཐེབས་པར་མ་ཟད་ལོག་པ་རེད། 

མིག་སྔར་རྒུད་སྐྱོབ་མི་སྣ་ཡུལ་དངོས་སུ་འབྱོར་ཡོད་པ་དང་། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། རྨས་མ་མང་ཆེ་བ་ཆི་ལཱ་སི་ས་ཁུལ་གྱི་མི་ཡིན་པ་དང་། གནས་སྐབས་སུ་ཕྱི་རྒྱལ་གྱི་མི་ལ་ཐེངས་འདིའི་དོན་རྐྱེན་ཁྲོད་ཤི་རྨས་ཐེབས་པའི་གནས་ཚུལ་བསྒྲགས་མེད། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།