ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་བཅུ་གསུམ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་སོ་མཱ་ལིའི་ལྷོ་ཕྱོགས་ས་ཁུལ་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གསུམ་བསད་ཟེར། 

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་མགྲིན་ཚབ་པ་ཧཱ་སིང་གིས་སྨྱན་བྱད་ལ་བཤད་རྒྱུར། ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་གྱིས་ཉིན་དེའི་ཞོགས་པར་སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་ཞེ་པེ་ལེ་ཞོལ་མ་ཀྲིག་གི་སྲིད་གཞུང་དམག་དཔུང་གི་རྟེན་གཞིར་འཇབ་རྒོལ་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་ཕྱིར་རྒོལ་བྱས་ཏེ་དྲག་ཆས་ཉེས་ཅན་མཐར་སྐྲོད་བཏང་། འཁྲུག་རྩོད་བྱེད་སྐབས་སྲིད་གཞུང་དམག་དཔུང་གིས་དྲག་ཆས་ཉེས་ཅན་བཅུ་གསུམ་བསད་པ་དང་། སྲིད་གཞུང་དམག་དཔུང་ཕྱོགས་ལའང་ཤི་རྨས་བྱུང་ཡོད་ཟེར། 

ས་དེའི་སྡོད་དམངས་ཀྱིས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཞོགས་པར་འཁྲུག་རྩོད་དྲག་པོ་བྱེད་པའི་མེ་མདའི་སྒྲ་ཐོས་ཐུབ་པ་དང་། དོན་དེའི་རྗེས་སུ་ཁོ་ཚོས་བེམ་པོ་མང་བོ་དང་མེར་འཚིག་པའི་རླངས་འཁོར་མང་བོ་མཐོང་བྱུང་ཟེར། 

སོ་མཱ་ལིའི་ན་གཞོན་ཏང་གིས་ཉིན་དེའི་འཇབ་རྒོལ་ཁྲོད་སྲིད་གཞུང་དམག་དཔུང་གི་དམག་མི་ཉི་ཤུ་ཙམ་བསད་ཡོད་པ་ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།