ཀྲུང་གོ་བོད་ཀྱི་དྲ་བ།

ལུའུ་ཧཱ་ནེ་ཡིས་དབྱི་ལིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་ཧའོ་ཨར་མུའུ་ཙི་མཚོ་འགག་གི་ཞི་བདེའི་གྲོས་གཞི་སྤྲོད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་ཉེར་གཉིས་ཉིན་བསྟན་དོན། དབྱི་ལིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཧའོ་ཨར་མུའུ་ཙི་མཚོ་འགག་གི་ཞི་བདེའི་གྲོས་གཞི་སྤྲོད་རྒྱུ་ཡིན་པར་མ་ཟད། ས་ཁུལ་དེར་བྱུང་བའི་དོན་རྐྱེན་རབ་དང་རིམ་པ་དབྱི་ལིང་གིས་བཟོས་པར་ཉེས་འགལ་བྱེད་རྩིས་བྱས་པར་ངོ་རྒོལ་བྱས། 

བསྒྲགས་པ་ལྟར་ན། ལུའུ་ཧཱ་ནེ་ཡིས་ཉིན་དེར་རྒྱལ་ས་ཏི་ཧེ་ལན་ནས་འདུ་ཚོགས་བྱ་འགུལ་ཞིག་ལ་ཞུགས་སྐབས་གཏམ་བཤད་སྤེལ་ཏེ། དབྱི་ལིང་གིས་ཞི་བདེའི་གྲོས་གཞི་འདོན་པའི་དམིགས་ཡུལ་ནི་ས་ཁུལ་དེའི་རྒྱལ་ཁབ་དག་གིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། མཉམ་དུ་པའོ་སི་མཚོ་ཁུགས་དང་ཧའོ་ཨར་མུའུ་ཙི་མཚོ་འགག ཨ་མན་མཚོ་ཁུགས་བཅས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་འབོད་སྐུལ་གཏོང་བའི་ཆེད་ཡིན་ཟེར། དེ་ལས་གཞན་དབྱི་ལིང་གིས་ཞི་བདེའི་གྲོས་གཞིའི་ནང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ས་ཁུལ་རང་གི་ལས་དོན་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པའི་བསམ་ཚུལ་གསལ་བོར་བསྟན་ཡོད་ཟེར། 

ལུའུ་ཧཱ་ནེ་ཡིས་ནན་གྱིས་བསྟན་དོན། ས་ཁུལ་ནང་ཁུལ་ནས་བྱུང་བའི་དོན་རྐྱེན་གང་ཡིན་དབྱི་ལིང་གིས་བཟོས་པ་ཡིན་པར་བརྗོད་པ་ནི་ཡང་ཡང་བསྐྱར་བཟླས་བྱེད་པའི་རྫུན་གཏམ་ཁོ་ན་རེད་ཟེར། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།