ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་ལྷོ་ཕྱོགས་ས་ཁུལ་ནས་ས་འོག་འགད་རྫས་ཀྱི་འགས་གཏོར་དོན་རྐྱེན་བྱུང་སྟེ་དམག་མི་དྲུག་ལ་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཡེ་མིན་ལྷོ་ཕྱོགས་ཀྱི་ཨ་པུས་དབྱང་ཞིང་ཆེན་ནས་ཉིན་དེར་ས་འོག་འགད་རྫས་འགས་གཏོར་བྱུང་བའི་དོན་རྐྱེན་བྱུང་སྟེ། ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པའི་དྲག་ཆས་སྟོབས་ཤུགས་ཀྱི་དམག་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། དམག་མི་བཞིར་རྨས་ཕོག་ཟེར། 

ཡེ་མིན་བདེ་འཇགས་སྡེ་ཁག་གི་མིང་བཤད་མི་འདོད་པའི་དཔོན་པོ་ཞིག་གིས་བཤད་རྒྱུར། ལྷོ་ཕྱོགས་བར་བརྒལ་ཨུ་་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པའི་དམག་དོན་རླངས་འཁོར་གཉིས་ལ་ཨ་པུས་དབྱང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅིན་ཅི་པཱ་ཨར་ཤར་ངོས་སུ་སྐོར་གཡེང་བྱེད་སྐབས་ས་འོག་འགད་རྫས་འགས་གཏོར་བྱུང་སྟེ། དམག་མི་གཉིས་ལ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དམག་མི་བཞིར་རྨས་ཕོག རླངས་འཁོར་ལའང་གཏོར་བརླག་ཐེབས་ཡོད་ཟེར། 

ཁོས་བསྟན་དོན། དམག་དོན་རླངས་འཁོར་བགྲོད་སའི་གནས་དེ་ནི་བྱེ་ཐང་ཡིན་པ་དང་། རྟེན་གཞི་རྩ་འཛུགས་ཀྱིས་དེའི་སྔོན་ཡེ་མིན་སྲིད་གཞུང་དམག་དཔུང་དང་མཉམ་དུ་ས་ཁུལ་དེ་ནས་འཁྲུག་རྩོད་བྱེད་སྐབས་ས་འོག་འགད་རྫས་མང་བོ་སྦས་ཡོད་ལ། ས་འོག་འགད་རྫས་དེ་དག་ད་ལྟའི་བར་གཙང་སེལ་བྱེད་ཐུབ་མེད་པ་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།