ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་ནས་མི་བསྡད་མེད་པའི་གནམ་གྲུ་ཞིག་སར་འཕངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱ་ཕྱོགས་ཀྱིས་ཉིན་དེར་སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་ནས་འགད་རྫས་ཁྱེར་ཡོད་པའི་མི་བསྡད་མེད་པའི་གནམ་གྲུ་ཞིག་སར་འཕངས་ཟེར། བསྒྲགས་པའི་གནས་ཚུལ་ལས་མི་བསྡད་མེད་པའི་གནམ་གྲུ་དེ་གནས་གང་ནས་ཡོང་བ་གསལ་བོར་བསྒྲགས་མེད། 

བསྒྲགས་པ་ལྟར་ན། སི་རི་ཡཱའི་འབྲེལ་ཡོད་སྡེ་ཁག་གིས་ཉིན་དེར་ཁུའུ་ནེ་ཐི་ལཱ་ཞིང་ཆེན་བྱང་ཕྱོགས་ཀྱི་ཉེ་འདབས་ས་ཁུལ་ནས་ནུབ་ནས་ཤར་དུ་བསྐྱོད་པའི་མི་བསྡད་མེད་པའི་གནམ་གྲུ་ཞིག་མཐོང་ནས་སར་འཕངས་པ་རེད། གནམ་གྲུ་དེ་གཏོར་རྗེས་འགད་རྫས་སྒྲིག་སྦྱོར་བྱས་པ་རྙེད་ཟེར། 

ཁུའུ་ནེ་ཐི་ལཱ་ཞིང་ཆེན་དེ་སི་རི་ཡཱའི་ལྷོ་ཕྱོགས་སུ་དབྱི་སི་རལ་དང་འདབས་འབྲེལ་དུ་གནས་པ་རེད། བསྒྲགས་པ་ལྟར་ན། སི་རི་ཡཱའི་མཁའ་སྲུང་མ་ལག་གིས་དབྱི་སི་རལ་དང་ཨ་མེ་རི་ཁ་ཕྱོགས་ཀྱིས་གཏོང་འཕེན་བྱས་པའི་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ལ་འགོག་རྒོལ་བྱས་པར་བཤད་ཀྱང་། ཚེས་ཉེར་གཅིག་ཉིན་སར་འཕངས་པའི་མི་བསྡད་མེད་པའི་གནམ་གྲུ་དེ་རྒྱལ་ཁབ་གང་གི་ཡིན་པ་བྱེ་བྲག་ཏུ་གསལ་བཤད་བྱས་མེད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།