ཀྲུང་གོ་བོད་ཀྱི་དྲ་བ།

སིང་ག་ལཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ལཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་དམིགས་བསལ་སྤྱི་སྒྲོག་སྤེལ་ཏེ། ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར། 

དམིགས་བསལ་སྤྱི་སྒྲོག་ལས་ད་རུང་ཟླ་བཅུ་བའི་ཚེས་བདུན་ཉིན་ནི་ཙུང་ཐུང་གི་འདེམ་སྒུག་མི་སྣའི་མིང་འདོན་དང་ལེན་བྱེད་པའི་ཉིན་མོ་ཡིན་ཟེར། 

སིང་ག་ལཱའི་སྔོན་ཆད་ཀྱི་ཙུང་ཐུང་། ངོ་རྒོལ་ཏང་གི་གཙོ་འཛིན་མཱ་ཞིན་ཏཱ-ལཱ་ཅཱ་ཕཱ་ཁི་སཱ་ཡིས་མགོ་ཁྲིད་པའི་མི་དམངས་འཐབ་ཕྱོགས་ཏང་གིས་སྔོན་ཆད་ཀྱི་རྒྱལ་སྲུང་དང་གྲོང་ཁྱེར་འཕེལ་རྒྱས་པུའུ་ཡི་རྒྱུན་ལས་དྲུང་ཡིག་ཆེན་མོ་ཀི་ཐཱ་པཱ་ཡཱ-ལཱ་ཅཱ་ཕཱ་ཁི་སཱ་ཏང་དེའི་ཙུང་ཐུང་གི་འདེམ་སྒུག་མི་སྣར་མིང་འདོན་རྒྱུ་ཁྱབ་སྒྲོག་བྱས། 

ཙུང་ལི་ཝེ་ཁི་ལེ་མཱ་ཞིན་ཧཱ་ཡིས་མགོ་ཁྲིད་པའི་སིང་ག་ལཱའི་གཅིག་གྱུར་རྒྱལ་དམངས་ཏང་གིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཏང་དེས་གཟའ་འཁོར་རྗེས་མར་ཙུང་ཐུང་གི་འདེམ་སྒུག་མི་སྣ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། 

སིང་ག་ལཱའི་ཙུང་ཐུང་གི་འགན་ཡུན་ལོ་ལྔ་ཡིན་པ་དང་། བསྟུད་འགན་ཐེངས་གཅིག་ཁུར་ཆོག ཐེངས་སྔོན་མའི་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་དེ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དང་པོར་སྤེལ་བ་དང་། ད་ལྟའི་ཙུང་ཐུང་ཞི་ལི་སེ་ནཱ་སྔོན་ཆད་ཀྱི་ཙུང་ཐུང་མཱ་ཞིན་ཏཱ-ལཱ་ཅཱ་ཕཱ་ཁི་སཱ་ལས་རྣམ་པར་རྒྱལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།