ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གིས་མཚོ་ཁུགས་ས་ཁུལ་གྱི་མཚོ་ཐོག་འགྲུལ་བཞུད་ལ་འགེབས་སྲུང་བྱེད་པའི་དམག་དོན་སྟོབས་ཤུགས་ནང་ཞུགས་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དགུའི་ཉིན་བསྟན་དོན། དབྱི་རག་མཚོ་ཁུགས་ས་ཁུལ་གྱི་མཚོ་ཐོག་འགྲུལ་བཞུད་ལ་འགེབས་སྲུང་བྱེད་པའི་དམག་དོན་སྟོབས་ཤུགས་གང་རུང་ནང་ཞུགས་མི་སྲིད་ཟེར། 

དབྱི་རག་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་སཱ་ཧཱ་ཧྥུའུ་ཡིས་བཤད་རྒྱུར། དབྱི་རག་མཚོ་ཁུགས་ས་ཁུལ་གྱི་མཚོ་ཐོག་འགྲུལ་བཞུད་ལ་འགེབས་སྲུང་བྱེད་པའི་དམག་དོན་སྟོབས་ཤུགས་གང་རུང་ནང་ཞུགས་མི་སྲིད་པར་མ་ཟད། དབྱི་སི་རལ་ཞུགས་པར་ངོ་རྒོལ་བྱེད་ངེས་ཡིན་ཟེར། སཱ་ཧཱ་ཧྥུའུ་ཡིས་བཤད་རྒྱུར། མཚོ་ཁུགས་ས་ཁུལ་གྱི་བདེ་འཇགས་ནི་མཚོ་ཁུགས་རྒྱལ་ཁབ་དག་གི་འགན་འཁྲི་ཡིན་ཟེར། 

གཞན་ཡང་དབྱི་རག་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧཱ་ཅི་མུའུ་ཡིས་ཉིན་དེར་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ལ་ཁ་པར་བཏང་སྟེ། དབུས་ཤར་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་སྲུང་སྐྱོབ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།