ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་ཚེས་བཅོ་བརྒྱད་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་བསྟན་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་དང་དེའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་བརྟེན་ནས་སྲོལ་རྒྱུན་གྱི་མཛའ་མཐུན་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་བརྩོན་བཞིན་ཡོད་ཟེར། 

ཀའེ་ཐི་ཡིས་ཉིན་དེར་ཁེ་རོ་ནས་ཨེ་ཅིབ་ཏུ་སྡོད་པའི་ཀྲུང་གོ་གསར་བའི་གཞུང་ཚབ་ཆེན་མོ་ལེའོ་ལི་ཆང་གིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཀྲུང་གོའི་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་ཀྱི་ཁྲིམས་མཐུན་མི་རིགས་ཀྱི་ཁེ་དབང་སླར་གསོ་བྱས་པ་དང་། ཨ་རབ་རྒྱལ་ཁབ་དག་གི་མཐུན་སྒྲིལ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱས་པར་མ་ཟད། དྲུང་ཡིག་ཁྲུའུ་ཡིས་ལེའོ་ལི་ཆང་གིས་གཞུང་ཚབ་ཆེན་མོའི་ལས་འགན་ལག་བསྟར་བྱེད་པར་ཤུགས་ཆེན་པོས་རོགས་སྐྱོར་བྱེད་རྒྱུའི་ཚུལ་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།