ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན་དགུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་རྒྱལ་ས་ཁེ་རོ་ཉེ་འདབས་སུ་འཇིགས་སྐུལ་ཉེས་ཅན་བར་འཁྲུག་རྩོད་བྱས་ནས། ཉུང་མཐར་ཡང་འཇིགས་སྐུལ་ཉེས་ཅན་དགུ་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཉེན་རྟོག་ཕྱོགས་ལ་དེའི་སྔོན་འབྱོར་བའི་གསང་འཕྲིན་ལས་འཇིགས་སྐུལ་ཉེས་ཅན་སྐོར་ཞིག་ཁེ་རོའི་ཉེ་འདབས་ཀྱི་ཨ་པུའུ་ཨར་གྲོང་ཁྱེར་དང་ལྔ་བའི་བཅོ་ལྔའི་མཁར་དུ་སྦས་སྐོང་བྱས་ཡོད་པ་ཤེས་པས། ཉེན་རྟོག་ཕྱོགས་ཀྱིས་གློ་བུར་དུ་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་སའི་ཁང་བའི་ནང་སྔོག་བཤེར་བྱེད་སྐབས་འཇིགས་སྐུལ་ཉེས་ཅན་བར་འཁྲུག་རྩོད་བྱུང་། བསད་པའི་འཇིགས་སྐུལ་ཉེས་ཅན་གྱི་གྲས་སུ་ཨེ་ཅིབ་ཀྱི་སྐམ་དམག་གི་དམག་དཔོན་ཆེ་གེ་མོ་ལྐོག་གསོད་བྱས་པ་དང་ཞིབ་བཤེར་ས་ཚིགས་སུ་འཇབ་རྒོལ་བྱས་པའི་བྱ་འགུལ་ལ་ཞུགས་མྱོང་བའི་འཇིགས་སྐུལ་རྩ་འཛུགས་ཀྱི་མགོ་བ་ཞིག་འདུས་ཟེར། 

ཉེ་བའི་ལོ་འགའི་རིང་ལ། ཨེ་ཅིབ་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་ཡོད་པ་དང་། ད་ལོའི་ཚུན་ལ་ཨེ་ཅིབ་ཀྱི་བདེ་འཇགས་དམག་དཔུང་གིས་ཐེངས་མང་བོར་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ནས། འཇིགས་སྐུལ་ཉེས་ཅན་བརྒྱ་ཕྲག་ལྷག་བསད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།