ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨོ་པུའུ་ལའེ་ཨིན་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པར་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་གཏའི་ལས་དོན་གྱི་འགན་ཁུར་བའི་ཙུང་ཐུང་གི་ཆེད་མངག་ཕོ་ཉ་ཨོ་པུའུ་ལའེ་ཨིན་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པར་བསྐོ་འཇོག་བྱས་ཟེར། 

ཐི་ལིང་ཕུའུ་ཡིས་དྲ་ཚིགས་བརྒྱུད་དེ་བསྐོ་འཇོག་གནས་ཚུལ་ལ་ཁྱབ་སྒྲོག་བྱེད་སྐབས། ཁོ་དང་ཨོ་པུའུ་ལའེ་ཨིན་གྱིས་དུས་ཡུན་རིང་བོར་མཉམ་དུ་བྱ་བ་བསྒྲུབ་པ་དང་། ངས་བསམ་ན་ཁོར་འཇོན་ཐང་ཆེན་པོ་ལྡན་ཟེར། 

ཨོ་པུའུ་ལའེ་ཨིན་ནི་ཧྥོ་ལིན་དང་མེད་ཁི་མཱ་སི་ཐི། པའོ་ཨར་ཏོན་བཅས་ཀྱི་རྗེས་སུ་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་འགན་ཁུར་བའི་ལས་རོགས་པ་ཨང་བཞི་བ་རེད། ཐི་ལིང་ཕུའུ་ཡིས་ཟླ་འདིའི་ཚེས་བཅུ་ཉིན་ཁྱབ་སྒྲོག་བྱས་དོན། པའོ་ཨར་ཏོན་གྱིས་ཁོའི་རེ་བ་ལྟར་ལས་ཁུར་དགོངས་ཞུ་བྱས་ཡོད་ཟེར། 

འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན། ཐི་ལིང་ཕུའུ་ཡིས་གཟའ་འཁོར་སྔོན་མར་ཨོ་པུའུ་ལའེ་ཨིན་ལ་ཐུག་འཕྲད་བྱས་ཏེ་པའོ་ཨར་ཏོན་གྱི་ཚབ་ཏུ་ལས་འགན་ཁུར་བར་གྲོས་བསྡུར་བྱས་ཟེར། ཨ་མེ་རི་ཁའི་དཔོན་རིགས་ཤིག་གིས་བསྟན་དོན། ཐི་ལིང་ཕུའུ་ཨོ་པུའུ་ལའེ་ཨིན་གྱི་བྱ་བའི་བརྒྱུད་རིམ་ལ་ཧ་ཅང་ཡིད་ཚིམས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།