ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་ཡིས་དབྱི་ལིང་གིས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་མི་སྲིད་པ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་ཡིས་ཚེས་བཅུ་བདུན་ཉིན་བསྐྱར་སྒྲོག་བྱས་དོན། དབྱི་ལིང་གིས་ཨ་མེ་རི་ཁའི་བར་རིམ་པ་གང་རུང་གི་གྲོས་མོལ་སྤེལ་མི་སྲིད་ཟེར། 

ཧཱ་མེ་ནེ་དབྱེ་ཡིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་ཡང་དང་བསྐྱར་དུ་དབྱི་ལིང་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན་པ་དང་། དེའི་དམིགས་ཡུལ་ནི་ཨ་མེ་རི་ཁའི་འདོད་བློ་དེ་དབྱི་ལིང་གི་མགོར་བཙན་འཇོག་བྱེད་པ་དང་། ཚད་ལས་བརྒལ་བའི་གནོན་ཤུགས་སྟེར་བའི་བྱེད་ཐབས་དེ་ནུས་ལྡན་ཡིན་པ་བདེན་དཔང་བྱེད་འདོད་པ་རེད། ཡིན་ཡང་དབྱི་ལིང་ལ་མཚོན་ན། ཚད་བརྒལ་གནོན་ཤུགས་སྟེར་བའི་བྱེད་ཐབས་དེ་གླེང་རིན་གཏན་ནས་མེད་ཟེར། 

ཉེ་སྔོན། ཨ་མེ་རི་ཁའི་དཔོན་ཕྱོགས་ཀྱིས་ཐེངས་མང་བོར་བསྟན་དོན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་གྲོས་མོལ་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར། ཡིན་ཡང་དབྱི་ལིང་གིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་གཅིག་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པ་དང་། དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་ནན་མོ་ལག་བསྟར་བྱེད་པའི་གནས་ཚུལ་འོག ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་མི་སྲིད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།