ཀྲུང་གོ་བོད་ཀྱི་དྲ་བ།

ནཱ་མུས་པུས་ཡཱ་ནས་ཉིན་གཉིས་ཀྱི་ནང་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནཱ་མུས་པུས་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་བསྟན་དོན། རྒྱལ་ཁབ་དེར་ཉིན་གཉིས་ཀྱི་རིང་འགྲིམ་འགྲུལ་དོན་རྐྱེན་ཐེངས་འགའ་བྱུང་སྟེ། མི་ཉེར་གསུམ་རྐྱེན་ལམ་དུ་ཤོར། 

ནཱ་མུས་པུས་ཡཱའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པས་བཤད་རྒྱུར། དོན་རྐྱེན་འབྱུང་བའི་རྒྱུ་རྐྱེན་ནི་མིའི་ནོར་འཆུག་དང་ཁ་ལོ་བའི་སྣང་ཆུང་གི་བསམ་པ་ལས་བྱུང་བ་རེད། 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཆེས་ཚབས་ཆེ་བ་ནི་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་དབུས་བྱང་ཕྱོགས་ཀྱི་ཁཱ་ཨར་ཁི་ཧྥེ་ཨར་ཏི་གྲོང་རྡལ་ནས་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་དེ་རེད། འགྲུལ་སྐྱེལ་རླངས་འཁོར་ཞིག་ལམ་དུ་བགྲོད་སྐབས་རྐྱ་བ་གས་ནས་རླངས་འཁོར་ཁ་ལོ་བྱེད་ཐབས་མེད་པར་གྱུར་བ་དང་། དེའི་རྗེས་སུ་རླངས་འཁོར་ལོག་ནས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།