དབྱི་ལིང་གིས་མ་འོངས་པའི་ཉིན་འགའི་ནང་དབྱིན་ཇིའི་སྣུམ་འདྲུད་གྲུ་གཟིངས་ཕྱིར་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མུའུ་སཱ་ཝེ་ཡིས་ཚེས་བཅུ་དྲུག་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དབྱི་ལིང་གིས་མ་འོངས་པའི་ཉིན་འགའི་ནང་དེའི་སྔོན་བཀག་ཉར་བྱས་པའི་དབྱིན་ཇིའི་ཧྲི་ཏན་ནཱ་བཙན་རྒྱལ་རྟགས་ཅན་གྱི་སྣུམ་འདྲུད་གྲུ་གཟིངས་ཕྱིར་གཏོང་རྒྱུ་ཡིན་ཟེར། 

མུའུ་སཱ་ཝེ་ཡིས་བཤད་རྒྱུར། ཧྲི་ཏན་ནཱ་བཙན་རྒྱལ་རྟགས་ཅན་གྱི་གྲུ་གཟིངས་ཕྱིར་གཏོང་བའི་འབྲེལ་ཡོད་ཁྲིམས་འཛིན་ལས་རིམ་སྤེལ་བཞིན་ཡོད། སྣུམ་འདྲུད་གྲུ་གཟིངས་ཕྱིར་གཏོང་བའི་ཆོད་དོན་ནི་དབྱི་ལིང་ཁྲིམས་འཛིན་སྡེ་ཁག་གིས་དོན་དངོས་གནས་ཚུལ་ལ་གཞིགས་ཏེ་བཏོན་པ་ཡིན་ལ། བར་འདུག་གིས་འདུམ་འགྲིག་བྱས་པ་མིན་ཟེར།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།