དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ལུའུ་ཧཱ་ནེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་མི་སྲིད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མུའུ་སཱ་ཝེ་ཡིས་ཚེས་བཅུ་དྲུག་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་མི་སྲིད་ཟེར། 

མུའུ་སཱ་ཝེ་ཡིས་བཤད་རྒྱུར། མིག་སྔའི་ལུའུ་ཧཱ་ནེ་ཡི་འགྲུལ་བཞུད་ལྟར་ན། ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་པའི་འཆར་གཞི་བཀོད་སྒྲིག་བྱས་མེད་པ་དང་། ངས་བསམ་ན་ཉིག་ཡོ་ནས་གྲོས་མོལ་བྱེད་མི་སྲིད་ཟེར། 

མུའུ་སཱ་ཝེ་ཡིས་ནན་གྱིས་བསྟན་དོན། ལུའུ་ཧཱ་ནེ་ཡིས་དེའི་སྔོན་མངོན་གསལ་གྱིས་བསྟན་དོན། གྲོས་མོལ་བྱེད་པ་ནི་འདྲ་པར་ལེན་པ་ཙམ་གྱི་ཆེད་མ་ཡིན་པར་ངེས་པ་དོན་གྱི་གྲུབ་འབྲས་ལོན་པའི་ཆེད་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བ་ཟླ་འདིའི་ཚེས་བཅུ་བདུན་ཉིན་འཚོགས་རྒྱུ་ཡིན་པ་དང་། ལུའུ་ཧཱ་ནེ་ཡིས་འཆར་གཞི་ལྟར་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་སྤེལ་རྒྱུ་རེད། 

དེའི་སྔོན་ཨ་མེ་རི་ཁའི་དཔོན་ཕྱོགས་ཀྱིས་ཐེངས་མང་བོར་བསྟན་དོན། ཐི་ལིང་ཕུའུ་ཡིས་ལུའུ་ཧཱ་ནེ་བར་གྲོས་མོལ་བྱེད་འདོད་ཡོད་ཟེར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་རྒྱལ་ཁབ་བདུན་གྱི་མཐོ་རིམ་གྲོས་ཚོགས་སྐབས་སུ་དོན་དེར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན། ཡིན་ཡང་དབྱི་ལིང་ཕྱོགས་ཀྱིས་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པ་མེད་པར་བཏང་ནས། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་གཞིའི་ནང་ཕྱིར་ན། ད་གཟོད་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་སྲིད་པའི་ཚུལ་བསྟན།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།