ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་ཟེར། 

ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ལག་བསྟར་བྱས་པར་ཁས་ལེན་བྱས་ཤིང་། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྡོ་སྣུམ་ཀུང་ཟིའི་སྒྲིག་ཆས་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། ཕྱོགས་སོ་སོས་ཚད་ཆེན་པོས་རང་ཚོད་བཟུང་སྟེ་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་རྒྱུ་མ་ཟད། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 

སོ་ཏི་ཨ་རབ་ནང་སྲིད་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། མི་བསྡད་མེད་པའི་གནམ་གྲུ་འགའ་ཡིས་ཉིན་དེའི་ཞོགས་པར་ཨ་མེ་རྡོ་སྣུམ་ཀུང་ཟིའི་སྒྲིག་ཆས་གཉིས་ལ་འཇབ་རྒོལ་བྱས་ཏེ་མེ་སྐྱོན་བྱུང་ཟེར། སོ་ཏི་ཨ་རབ་ཀྱི་ནུས་ཁུངས་་བློན་ཆེན་ཨ་ཆི་ཙི་པིན་སཱ་ལེ་མན་གྱིས་ཚེས་བཅོ་ལྔ་ཉིན་བསྟན་དོན། མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ལས་སོ་ཏི་ཨ་རབ་ཀྱི་མ་བཅོས་རྡོ་སྣུམ་གྱི་མཁོ་འདོན་ཚད་ཉིན་རེར་ཟོ་ས་ཡ་ལྔ་དང་འབུམ་བདུན་ཇེ་ཉུང་དུ་སོང་བ་དང་། སོ་ཏི་ཨ་རབ་ཀྱི་ཉིན་རེའི་རྡོ་སྣུམ་ཐོན་སྐྱེད་བྱེད་ཚད་ཀྱི་བརྒྱ་ཆའི་ལྔ་བཅུ་ཙམ་ཟིན་ཡོད་ཟེར། 

ཡེ་མིན་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་ཞིག་གིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཉིན་དེར་མི་བསྡད་མེད་པའི་གནམ་གྲུ་བཅུ་བཀོལ་ནས་ཨ་མེ་རྡོ་སྣུམ་ཀུང་ཟིའི་པུའུ་ཀའེ་ཀི་དང་ཧུའུ་ལེ་སིའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།