ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁ་དང་ཐཱ་ལེ་པན་གྱིས་གྲོས་མོལ་སླར་གསོ་བྱེད་པར་དགོས་གལ་ཆེ་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་གསར་འགྱུར་ཟི་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོས་ཚེས་བཅུ་གསུམ་ཉིན་མའོ་སི་ཁི་ནས་ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་བསྟན་དོན། ཨ་མེ་རི་ཁ་དང་ཐཱ་ལེ་པན་གྱིས་གྲོས་མོལ་སླར་གསོ་བྱེད་པར་དགོས་གལ་ཆེ་ཟེར། 

ཨུ་རུ་སིའི་ཙུང་ཐུང་གི་ཨ་ཧྥུའུ་ཧན་གནད་དོན་གྱི་དམིགས་བསལ་འཐུས་མི། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་ཨེ་ཤ་ཡཱ་གླིང་ལས་དོན་ཅུའུ་གཉིས་པའི་ཅུའུ་ཀྲང་ཁཱ་པུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་ཐཱ་ལེ་པན་གྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་ཐཱ་ལེ་པན་གྱི་འཐུས་མིར་ནན་གྱིས་བསྟན་དོན། ཨ་མེ་རི་ཁ་དང་ཐཱ་ལེ་པན་གྱིས་གྲོས་མོལ་སླར་གསོ་བྱེད་པར་གལ་འགངས་ཆེ་ཟེར། ཐཱ་ལེ་པན་ཕྱོགས་ཀྱིས་བསྟན་དོན། ཐཱ་ལེ་པན་གྱིས་མུ་མཐུད་དུ་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་རྩིས་ཡོད་ཟེར། 

ཏའོ་ཧཱ་རུ་སྡོད་པའི་ཐཱ་ལེ་པན་གྱི་ཆབ་སྲིད་དོན་གཅོད་ཁང་གི་མགྲིན་ཚབ་པ་ཧྲ་ཞིན་གྱིས་བཤད་རྒྱུར། ཐཱ་ལེ་པན་གྱི་འཐུས་ཚབ་ཚོགས་པ་ཨུ་རུ་སིར་སོང་ནས་ཁཱ་པུའུ་ལོ་ཧྥུའུ་དང་གྲོས་མོལ་བྱེད་སྐབས། ཕྱོགས་གཉིས་ཀྱིས་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་གྱི་གནས་ཚུལ་གསར་བར་གྲོས་བསྡུར་བྱས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།