ཀྲུང་གོ་བོད་ཀྱི་དྲ་བ།

འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སུ་དམངས་གཙོ་འདྲ་མཉམ་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་འཛུགས་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཞེ་གཉིས་པ་དེ་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་དམངས་གཙོ་འདྲ་མཉམ་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་གནད་དོན་ཐད་ནས་ཆེད་མཁས་པའི་གྲོས་མོལ་སྤེལ་བ་དང་། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ཚོགས་ཐོག་ནས་དམངས་གཙོ་འདྲ་མཉམ་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་འཛུགས་དགོས་པའི་འབོད་སྐུལ་བཏང་། 

རྒྱལ་ཁབ་དང་སྲིད་གཞུང་རྩ་འཛུགས་མ་ཡིན་པའི་འཐུས་མི་སུམ་ཅུ་ལྷག་གིས་བསྟན་དོན། དྲང་བདེན་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་འཛུགས་པར་མང་ཚོགས་ཀྱི་ཟབ་ཞུགས་དང་དམངས་གཙོའི་ཐབས་ཇུས་ལ་འགན་སྲུང་བྱ་དགོས་པ་དང་། རྒྱལ་སྤྱིའི་འགྲོ་མིའི་ཐབ་ཐང་གི་སྤྱི་ཆིངས་དང་བཅས་པའི་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྒྱལ་སྤྱིའི་སྒྲིག་སྲོལ་བརྩི་སྲུང་བྱེད་དགོས་ཟེར། ཁུ་པཱ་དང་ཕཱ་ཁི་སི་ཐན། ཝེ་ནེ་ཙུའེ་ལཱ། ཝུ་ར་ཀུའེ། སི་རི་ཡཱ་སོགས་རྒྱལ་ཁབ་ཀྱི་འཐུས་མིས་ལང་ལོང་སྒོས་ཕྱོགས་གཅིག་གི་བཙན་ཤེད་བྱེད་ཐབས་ལས་རྒྱལ་སྤྱིའི་སྒྲིག་སྲོལ་ལ་ཐེབས་པའི་ཤུགས་རྐྱེན་ངན་པར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། དྲང་བདེན་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་འཛུགས་ན་ཕྱོགས་གཅིག་གི་བཙན་ཤེད་བྱེད་ཐབས་གཏན་འགོག་བྱེད་དགོས་པ་ནན་བཤད་བྱས། ཅོར་ཏན་དང་ཧྥེ་ལེ་པེན། ཐུ་ནི་ཞི་ཡཱ་སོགས་རྒྱལ་ཁབ་ཀྱི་འཐུས་མིས་བལྟས་ན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་ཆེས་དར་རྒྱས་མིན་པའི་རྒྱལ་ཁབ། དམངས་ཁྲོད་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་གྱི་འདྲ་མཉམ་ཟབ་ཞུགས་བཅས་ལ་དོ་སྣང་བྱེད་དགོས་པར་འདོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།