ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲིར་དུ་ཆུ་ལོག་གི་འཇིགས་པ་ཐེབས་ནས་མི་ང་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲིར་སྲིད་གཞུང་གིས་ཚེས་བཅུའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཉེ་སྔོན་ནེ་ཀྲིར་གྱི་ས་ཁུལ་མང་བོར་བསྟུད་མར་དྲག་ཆར་བབས་ཏེ་ཆུ་ལོག་གི་གནོད་པ་བྱུང་བ་དང་། མི་ང་བདུན་རྐྱེན་ལམ་དུ་ཤོར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཟླ་བདུན་པའི་ཟླ་མགོ་ནས་ད་ལྟའི་བར། དྲག་ཆར་ལས་ཆུ་ལོག་གི་འཇིགས་པ་བྱུང་སྟེ་མི་ང་བདུན་རྐྱེན་ལམ་དུ་ཤོར་བ་དང་། བསྡོམས་པས་མི་འབུམ་གཅིག་དང་ཁྲི་གསུམ་སྟོང་གཉིས་ལྷག་ལ་གནོད་པ་ཐེབས་ཡོད་ཅིང་། ཁང་བ་ཁྲི་གཅིག་དང་སྟོང་གཉིས་ལྷག་ལ་གཏོར་བརླག་ཐེབས་ཡོད་པར་མ་ཟད། ཞིང་ས་ཀུང་ཆིང་སྟོང་གཉིས་དང་ཉིས་བརྒྱ་ང་གཅིག་བསྣུབས་ཡོད། དེའི་ནང་ནེ་ཀྲིར་ལྷོ་ཕྱོགས་ཀྱི་ཅིན་ཏི་ཨར་དང་མཱ་ལཱ་ཏིས་ས་ཁུལ་དུ་གནོད་འཚེ་ཐེབས་པ་ཧ་ཅང་ཚབས་ཆེན་རེད། ནེ་ཀྲིར་སྲིད་གཞུང་གིས་འབྲེལ་ཡོད་ཀྱི་བྱེད་ཐབས་སྤྱད་དེ་དུས་ལྟར་གནོད་ཐེབས་མང་ཚོགས་རོགས་སྐྱོར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།