སི་རི་ཡཱའི་དམག་ཕྱོགས་ཀྱིས་ངོ་རྒོལ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུ་གཉིས་གཏོར་བ་དང་གཅིག་བཀག་འཇོག་བྱས་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་མཁའ་སྲུང་མ་ལག་གིས་ཚེས་དྲུག་ཉིན་གྱི་དགོང་མོར་ཧཱ་མཱ་ཞིང་ཆེན་ནས་འཇབ་རྒོལ་བྱེད་དུ་ཡོང་བའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུ་གཉིས་གཏོར་བ་དང་གཅིག་བཀག་འཇོག་བྱས་ཡོད་ཟེར། 

སི་རི་ཡཱའི་དམག་ཕྱོགས་ཀྱིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། སི་རི་ཡཱའི་མཁའ་སྲུང་མ་ལག་གིས་ཚེས་དྲུག་ཉིན་གྱི་དགོང་མོར་ཧཱ་མཱ་ཞིང་ཆེན་ནུབ་བྱང་ཕྱོགས་ཀྱི་ཅཱ་པུའུ་ས་ཁུལ་ནས་འགད་རྫས་སྒྲིག་སྦྱོར་བྱས་པའི་ངོ་རྒོལ་ཕྱོགས་ཁག་གི་མི་བསྡད་མེད་པའི་གནམ་གྲུ་གསུམ་བཀག་པ་དང་། དེའི་ནང་གནམ་གྲུ་གཉིས་གཏོར་བ་དང་གཅིག་བཀག་འཇོག་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། མི་བསྡད་མེད་པའི་གནམ་གྲུ་དེ་དག་གིས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་ས་དེའི་སྦས་སྐོང་བྱེད་སར་འཇབ་རྒོལ་བྱེད་རྩིས་ཡོད་པ་དང་། དོན་རྐྱེན་དེ་ལས་སྲིད་གཞུང་དམག་དཔུང་གི་མི་སྣར་ཤི་རྨས་ཐེབས་མེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།