ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀི་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་མི་སྣ་ལྔ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ལོ་ཀིའི་ནང་སྲིད་པུའུ་ཡིས་ཚེས་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། མའོ་ལོ་ཀིའི་ཀྲུང་དབྱང་ཁྲིམས་འཛིན་ཅུའུ་ཡིས་ཉིན་དེར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་མི་སྣ་ལྔ་འཛིན་བཟུང་བྱས་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། མི་ལྔ་བོའི་ལོ་ཚོད་ཉེར་བདུན་ནས་ཞེ་གཅིག་བར་ཡིན་པ་དང་། མའོ་ལོ་ཀིའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་པེད་ཨར་ཁན་དང་ནཱ་ཙུའུ་ཨར་ཉེ་འདབས་སུ་འགུལ་སྐྱོད་བྱེད་བཞིན་ཡོད། རྟོག་ཞིབ་ལས་མངོན་པ་ལྟར་ན། ཁོ་ཚོ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཡན་ལག་ལས་ཁུངས་སུ་ཞུགས་ཏེ། འགས་གཏོར་སྒྲིག་ཆས་བེད་སྤྱད་ནས་མའོ་ལོ་ཀིའི་ཚོགས་ར་གཙོ་བོར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་རྩིས་ཡོད་པ་རེད། 

སྤྱི་སྒྲོག་ལས་བཤད་རྒྱུར། མའོ་ལོ་ཀིའི་ཁྲིམས་འཛིན་སྡེ་ཁག་གིས་གྱོད་དོན་དེར་རྟོག་ཞིབ་གསལ་བོ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།