ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་རྒྱ་གར་གྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་མུ་མཐུད་དུ་དབྱི་ལིང་བར་གྱི་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ཚེས་བཞིའི་ཉིན་སྐབས་ལྔ་བའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་སུ་གྲོས་མོལ་བྱས་པ་དང་། གསལ་སྒྲོག་ལས་མུ་མཐུད་དུ་རྒྱལ་ཁབ་གཉིས་དང་དབྱི་ལིང་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན། 

ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་དེ་ཨུ་རུ་སིའི་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་ནས་སྤེལ་བཞིན་ཡོད། ཕུའུ་ཅིན་དང་མའོ་ཏིས་ཀྱིས་ཚེས་བཞིའི་ཉིན་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ས་ཁུལ་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས། གཏན་འཇགས་བཅས་ལ་འགན་སྲུང་བྱེད་པ་དང་། མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་པའི་གལ་ཆེན་རང་བཞིན་ཁས་ལེན་བྱས་པར་མ་ཟད། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་དངོས་འབེབ་དང་འབྲེལ་བའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་གསུམ་གཅིག་པ་ལག་བསྟར་གང་ལེགས་བྱེད་རྒྱུ་ཁས་ལེན་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དང་རྒྱ་གར་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་དབྱི་ལིང་བར་གྱི་གཉིས་ཕན་དང་ཁྲིམས་མཐུན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།