ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་སྐབས་ལྔ་བའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་ལྔ་བའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་དེ་ཚེས་བཞི་ཉིན་ཨུ་རུ་སིའི་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁིའི་ཡོན་ཏུང་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་ནས་སྤེལ་མགོ་བརྩམས། སྐབས་འདིའི་གླེང་སྟེགས་ཀྱི་དམིགས་ཡུལ་ནི་ཨུ་རུ་སིའི་ཡོན་ཏུང་ས་ཁུལ་དུ་མ་དངུལ་ནང་འགུག་བྱེད་པ་དང་། ཁེ་ལས་དང་ཆེད་མཁས་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཆེད་དུ་རེད། 

ཨུ་རུ་སིའི་ཙུང་ལི་གཞོན་པ་དང་ཡོན་ཏུང་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་དུ་སྡོད་པའི་ཙུང་ཐུང་གི་འཐུས་མི། ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་འགན་ཁུར་མཁན་ཐི་ལུའུ་ཐི་ནེ་ཧྥུའུ་ཡིས་ཉིན་དེར་གླེང་སྟེགས་བྱ་འགུལ་ལ་ཞུགས་སྐབས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཨུ་རུ་སི་ཡིས་བྱེད་ཐབས་མང་བོ་སྤྱད་དེ་ཡོན་ཏུང་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཉམས་མྱོང་ལ་བརྟེན་ནས་བྱེད་ཐབས་གཏན་འབེབས་བྱས་ཏེ། ས་ཁུལ་དེའི་ཁེ་ལས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

ཐི་ལུའུ་ཐི་ནེ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་གློག་རྡུལ་ལམ་ཡིག་ལམ་ལུགས་དང་སྲིད་འཛིན་འགྲོ་ལུགས་སྟབས་བདེ་རུ་གཏོང་བ། སྔོན་བསྐྱོད་འཕེལ་རྒྱས་ས་ཁུལ་འགའ་འཛུགས་པ། ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁིའི་རང་དབང་གྲུ་ཁ་འཛུགས་པ་སོགས་བྱེད་ཐབས་ལག་བསྟར་བྱས་པ་ལ་བརྟེན་ནས། ཡོན་ཏུང་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་དང་བཅས་པའི་དངུལ་གཏོང་མཁན་ལ་ཆ་རྐྱེན་བཟང་བོ་འདོན་སྤྲོད་བྱས་ཡོད། དེ་ལས་གཞན་ཨུ་རུ་སི་ཡིས་ཡོན་ཏུང་དང་གླིང་སྣེ་བྱང་མའི་འཕེལ་རྒྱས་པུའུ་སོགས་འབྲེལ་ཡོད་ལས་ཁུངས་བཙུགས་ནས། དངུལ་གཏོང་མཁན་ནང་འགུག་དང་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་ཟེར། 

སྐབས་འདིའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་དེ་ཚེས་བཞི་ཉིན་ནས་ཚེས་དྲུག་ཉིན་བར་སྤེལ་རྒྱུ་ཡིན་ཞིང་། གླེང་སྟེགས་ནས་དཔལ་འབྱོར་འཕར་སྣོན་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཁེ་ལས་ཀྱི་ཁོར་ཡུག་ལེགས་བཅོས་བྱེད་པ། ཨུ་རུ་སིའི་ཡོན་ཏུང་དང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འཕེལ་རྒྱས་མཉམ་ལས་སོགས་ནང་དོན་མང་བོར་དོ་སྣང་བྱེད་བཞིན་ཡོད། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་རྒྱ་གར་གྱི་ཙུང་ལི་མའོ་ཏིས། མོང་གོལ་གྱི་ཙུང་ཐུང་པཱ་ཐི་ཐུའུ་ལེ་གཱ། མཱ་ལེ་ཞི་ཡཱའི་ཙུང་ལི་མཱ་ཧཱ་ཏིས་ཨར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་སོགས་གླེང་སྟེགས་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།