ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་མཁའ་དམགS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་གི་གསོ་སྦྱོང་ལ་ཞུགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། ཐུར་ཁེའི་མཁའ་དམག་གི་དམག་མི་དག་ཨུ་རུ་སིས་བཟོས་པའིS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་གི་གསོ་སྦྱོང་ལ་ཞུགས་མགོ་བརྩམས་ཟེར། 

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའིS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་གི་གསོ་སྦྱོང་དེ་ཨུ་རུ་སིའི་ཅཱ་ཐི་ཆི་ནཱ་གྲོང་ཁྱེར་ནས་སྤེལ་བ་དང་། ཐུར་ཁེའི་མཁའ་དམག་དམག་སྤྱི་ཁང་གི་མི་སྣ་སྦྱོང་བརྡར་ལ་ཞུགས་ཟེར། 

ཐུར་ཁེའི་རྒྱལ་སྲུང་བཟོ་ལས་སྡེ་ཁག་གི་འགན་ཁུར་བ་ཏི་མུས་ཨར་གྱིས་ཉིན་དེར་བསྟན་དོན། S-400རྟག་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་གི་སྐོར་ཐེངས་དང་པོ་དང་གཉིས་པའི་ལྷུ་ལག་གི་རྩིས་སྤྲོད་བྱ་བ་ཟླ་འདིའི་ཟླ་མཇུག་ཏུ་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། སྒྲིག་སྦྱོར་བྱ་བ་ད་ལོའི་ལོ་མཇུག་བར་ཡོངས་འགྲུབ་བྱེད་རྒྱུ་ཡིན། འབྲེལ་ཡོད་ཀྱི་གསོ་སྦྱོང་སོགས་ལས་དོན་ལ་བསམ་བློ་བཏང་སྟེ། མ་ལག་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཞི་བར་དངོས་སུ་བེད་སྤྱོད་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།