ཀྲུང་གོ་བོད་ཀྱི་དྲ་བ།

ཧི་ལན་གྱི་དབུ་བཞུགས་བློན་ཆེན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུན་མོང་གི་ཡུལ་གྱར་བའི་འགེབས་སྲུང་མ་ལག་འཛུགས་དགོས་པའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་ཡིས་ཚེས་གསུམ་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་མཐུན་སྒྲིལ་བྱས་ནས་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུན་མོང་གི་ཡུལ་གྱར་བའི་འགེབས་སྲུང་མ་ལག་འཛུགས་དགོས་པའི་གྲོས་གཞི་བཏོན། 

ལོས་ཐི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་སི་དང་གྲོས་མོལ་བྱས། ཁོས་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་གཉིས་ཀྱིས་ཉིན་དེར་དཔལ་འབྱོར་འཕར་སྣོན་ལ་སྐུལ་སྤེལ་བྱེད་པ་དང་། དཔལ་འབྱོར་མཉམ་ལས་རྒྱ་བསྐྱེད་པ། ཡུལ་གྱར་བའི་གནད་དོན་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་པ་སོགས་ལ་གྲོས་བསྡུར་བྱས། ཡུལ་གྱར་བའི་གནད་དོན་ཐད་ནས་ལོས་ཐི་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡུལ་གྱར་བའི་གནད་དོན་ཐག་གཅོད་པར་ཞུགས་འདོད་མེད་པའི་ཁོངས་གཏོགས་རྒྱལ་ཁབ་དག་ལ་གནོན་ཤུགས་བྱིན་ནས། མཐུན་སྒྲིལ་གྱི་རྣམ་པ་མངོན་པའི་ཐུན་མོང་གི་ཡུལ་གྱར་བའི་འགེབས་སྲུང་མ་ལག་འཛུགས་དགོས་ཟེར། 

མུས་ཙོ་ཐཱ་ཅི་སི་ཡིས་ལོས་ཐི་ཡི་ལྟ་ཚུལ་དེར་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། ཡུལ་གྱར་བའི་གནད་དོན་ནི་ནམ་རྒྱུན་ཡོ་རོབ་གླིང་གི་མདུན་དུ་ལྷགས་པའི་ཐུན་མོང་གི་གནད་དོན་ཞིག་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།