ཀྲུང་གོ་བོད་ཀྱི་དྲ་བ།

བྷང་ག་ལཱའི་ཙུང་ཐུང་གིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྷང་ག་ལཱ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧཱ་མུས་ཏི་ཡིས་ཉེ་སྔོན་བསྟན་དོན། བྷང་ག་ལཱ་ཡིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ས་ཁུལ་གྱི་མཉམ་འབྲེལ་གཙིགས་སུ་བཟུང་སྟེ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་། སློབ་གསོ། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད། བྷང་ག་ལཱ་ཡིས་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། 

ཧཱ་མུས་ཏི་ཡིས་བྷང་ག་ལཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིས་ཅི་མེན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། བྷང་ག་ལཱ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བའི་ལོ་རྒྱུས་རིང་ཞིང་། ཀྲུང་གོ་ནི་བྷང་ག་ལཱའི་འཕེལ་རྒྱས་གྲོགས་པོ་གལ་ཆེན་ཡིན། དུས་ཡུན་རིང་བོར་བྷང་ག་ལཱའི་འཕེལ་རྒྱས་འཛུགས་སྐྲུན་ཐད་རོགས་སྐྱོར་མང་དུ་བྱས་པ་དང་། ཧཱ་ཏི་མཱ་ཟམ་ཆེན་གྱི་ལྕགས་ལམ་སྦྲེལ་མཐུད་དང་ཁཱ་ནཱ་ཕུའུ་ལི་གཙང་བོའི་ས་འོག་ཕུག་ལམ་སོགས་ལས་གཞི་གཙོ་བོར་བྷང་ག་ལཱ་ནས་བདེ་བླག་ངང་སྐུལ་འདེད་བཏང་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།