ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་སྤྱིའི་ཡིག་རྨོངས་སེལ་བའི་བྱ་དགའི་མིང་ཐོ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་པུའུ་ཕཱ་རེ་སི་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཚེས་གཉིས་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨར་ཅི་རི་ཡཱ་དང་ཁོ་ལོམ་པུ་ཡཱ། ཧིན་རྡུ་ཉི་ཞི་ཡཱ། དབྱི་ཐཱ་ལེ། སེ་ནེ་ཀལ་བཅས་རྩ་འཛུགས་ལྔ་དང་ཡང་ན་ལས་གཞིར་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་སྤྱིའི་ཡིག་རྨོངས་སེལ་བའི་བྱ་དགའ་ཐོབ་པ་དང་། བྱ་དགའ་སྟེར་བའི་མཛད་སྒོ་ནི་ཟླ་དགུ་བའི་ཚེས་བརྒྱད་ཉིན་ཏེ་རྒྱལ་སྤྱིའི་ཡིག་རྨོངས་སེལ་བའི་ཉིན་མོར་སྤེལ་རྒྱུ་རེད། 

ད་ལོར་ཁུང་ཙིའི་ཡིག་རྨོངས་སེལ་བའི་བྱ་དགའ་དེ་ཁོ་ལོམ་པུ་ཡཱའི་སློབ་གྲྭའི་བཟོ་སྐྲུན་ལས་གཞི་དང་། ཧིན་རྡུ་ཉི་ཞི་ཡཱའི་པཱ་སཱ་པཱ་ལི་ཝེ་ཅི་ལས་གཞི། དབྱི་ཐཱ་ལེའི་ང་ལ་བཤད་རོགས་ཞེས་པའི་ལས་གཞི་བཅས་ལ་བྱིན། 

སློབ་གྲྭའི་བཟོ་སྐྲུན་ལས་གཞི་ནི་ཁོ་ལོམ་པུ་ཡཱའི་ཨན་ཏིས་ཨོ་ཅི་ཡཱ་ཞིང་ཆེན་གྱི་འཛུགས་སྐྲུན་སྡེ་ཁག་གིས་སྤེལ་བ་ཡིན་ཞིང་། དམིགས་ཡུལ་ནི་ལས་རིགས་གསོ་སྦྱོང་མྱངས་མེད་པའི་བཟོ་བར་སི་ཕན་སྐད་དང་དབྱིན་ཡིག་གི་ཡིག་རྨོངས་སེལ་བའི་སློབ་ཁྲིད་འདོན་སྤྲོད་བྱེད་པའི་ཆེད་རེད། པཱ་སཱ་པཱ་ལི་ཝེ་ཅི་ལས་གཞི་ལས་པཱ་ལི་གླིང་ཕྲན་དང་ཕྱི་རྒྱལ་གྱི་མི་རྣམས་ཀྱིས་མཉམ་དུ་ས་དེའི་སྐད་བརྡར་སྲུང་སྐྱོབ་དང་དར་སྤེལ་བྱེད་པའི་སྐུལ་མ་བཏང་ཡོད། ང་ལ་བཤད་རོགས་ཞེས་པའི་ལས་གཞི་ཡིས་ཟློས་གར་རྨང་གཞིར་བྱས་པའི་སློབ་ཁྲིད་བྱེད་ཐབས་ཀྱིས་གནས་སྤོར་སྡོད་དམངས་ཀྱི་ཡི་གེ་ངོས་འཛིན་པའི་རྩལ་ནུས་ཇེ་མཐོར་གཏོང་བཞིན་ཡོད། 

འཇིག་རྟེན་རྒྱལ་བོའི་ཡིག་རྨོངས་སེལ་བའི་བྱ་དགའ་དེ་ཨར་ཅི་རི་ཡཱ་རྒྱལ་ཁབ་ཀྱི་མི་དར་མའི་སློབ་གསོ་དང་ཡིག་རྨོངས་སེལ་བའི་གཞུང་སྒྲུབ་ཁང་་དང་། སེ་ནེ་ཀལ་འཁེལ་འཐག་ཚི་སྣའི་འཕེལ་རྒྱས་ཀུང་ཟི་གཉིས་ལ་ཐོབ་པ་རེད། 

ད་ལོའི་རྒྱལ་སྤྱིའི་ཡིག་རྨོངས་སེལ་བའི་བྱ་དགའི་དཔྱད་འདེམ་བྱ་འགུལ་གྱི་བརྗོད་སྙིང་ནི་ཡིག་རྨོངས་སེལ་བ་དང་སྐད་བརྡ་མང་བོའི་སྣང་ཚུལ་ཞེས་པ་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙུའུ་ལའེ་ཡིས་སྤྱི་སྒྲོག་ནང་བཤད་རྒྱུར། ཡིག་རྨོངས་སེལ་བ་ནི་རྣམ་པ་གང་རུང་གི་སྤུས་ལེགས་བཟོད་སྒོམ་རང་བཞིན་ལྡ་པའི་སློབ་གསོ་ནས་མགོ་རྩོམ་དགོས། དེ་ནི་ཅི་ཞིག་ལ་ང་ཚོས་ངེས་པར་དུ་འཛམ་གླིང་གི་ས་ཁུལ་སོ་སོའི་གྲོས་འདོན་མང་བོར་རྒྱབ་སྐྱོར་བྱས་ཏེ་ཡིག་རྨོངས་སེལ་བ་དེ་དངོས་ཡོད་དུ་འགྱུར་བར་བྱེད་པའི་རྒྱུ་མཚན་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།