ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་པུའུ་ཀྲང་གིས་བལྟས་ན་དཔལ་འབྱོར་བཅོས་བསྒྱུར་གྱི་གྲུབ་འབྲས་མངོན་གསལ་ཡིན་པར་འདོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་པུའུ་ཀྲང་ཨོ་ལེ་ཧྲི་ཅིན་གྱིས་ཉེ་སྔོན་ཨུ་རུ་སིའི་ཐཱ་སི་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སི་ཡིས་ཉིས་སྟོང་བཅུ་བཞི་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར་ལག་བསྟར་བྱས་པའི་དཔལ་འབྱོར་བཅོས་བསྒྱུར་དེ་ལོ་རྒྱུས་དེབ་ཐེར་དུ་འགོད་རྒྱུ་ཡིན་ཟེར། 

ཨོ་ལེ་ཧྲི་ཅིན་གྱིས་བཤད་རྒྱུར། འདས་པའི་ལོ་ངོ་ལྔའི་ནང་། ཨུ་རུ་སི་ཡིས་དངུལ་ལོར་ཚད་བརྒལ་འགྲེམ་པའི་དམིགས་ཚད་ལམ་ལུགས་དང་ནོར་སྲིད་སྒྲིག་སྲོལ་གསར་བ་གཏན་འབེབས་བྱས་པ་སོགས་བཅོས་བསྒྱུར་བྱེད་ཐབས་མང་བོ་སྤྱད་མྱོང་ཟེར། ཁོས་བཤད་རྒྱུར། ཉིས་སྟོང་བཅུ་བཞི་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར། ཨུ་རུ་སི་ཡིས་ཆེ་མཐོང་དཔལ་འབྱོར་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་དེ་ལོ་རྒྱུས་དེབ་ཐེར་དུ་འགོད་རྒྱུ་ཡིན་ཟེར། 

ཁོས་བལྟས་ན། གལ་ཏེ་རྒྱལ་སྤྱིའི་རྡོ་སྣུམ་རིན་གོང་དེ་ཟོ་རེར་མེ་སྒོར་བཞི་བཅུའི་ཚད་དུ་ལྷུང་ན། ཨུ་རུ་སིའི་དངུལ་གཏོང་འཕེལ་རྒྱས་ཀྱི་ལས་གཞི་གསར་བར་དཀའ་ཁག་འབྱུང་སྲིད་ཀྱང་། ཨུ་རུ་སིའི་དངུལ་ལོར་ཚོང་ར་དང་དཔལ་འབྱོར་ལ་གནོན་ཤུགས་ཆེན་པོ་བཟོ་མི་སྲིད། གལ་ཏེ་རྡོ་སྣུམ་རིན་གོང་དེ་ཟོ་རེར་མེ་སྒོར་དྲུག་ཅུའི་ཆུ་ཚད་དུ་གནས་ན། ཨུ་རུ་སི་ཡིས་རྒྱུན་ལྡན་ངང་མ་དངུལ་བཏང་ནས་ལས་གཞི་གསར་བ་འཕེལ་རྒྱས་སུ་བཏང་ཆོག་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།