ཀྲུང་གོ་བོད་ཀྱི་དྲ་བ།

ཕོ་ལན་གྱིས་བྱ་འགུལ་སྤེལ་ཏེ་འཛམ་གླིང་འཁྲུག་ཆེན་གཉིས་པ་བྱུང་ནས་ལོ་ངོ་བརྒྱད་ཅུ་འགོར་བར་རྗེས་དྲན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་གྱིས་ཟླ་དགུ་བའི་ཚེས་གཅིག་ཉིན་བྱ་འགུལ་སྣ་ཚོགས་སྤེལ་ཏེ་འཛམ་གླིང་འཁྲུག་ཆེན་གཉིས་པ་བྱུང་ནས་ལོ་ངོ་བརྒྱད་ཅུ་འགོར་བར་རྗེས་དྲན་བྱས་པ་དང་། འཐབ་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོར་མྱ་ངན་ཞུས་པར་མ་ཟད། མི་རྣམས་ཀྱིས་ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པ་དང་། ཞི་བདེ་ལ་གཅེས་སྤྲས་བྱས་ཏེ། ཡ་ང་བའི་འཁྲུག་རྩོད་དེ་འདྲ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཉིན་དེར་གཞི་རྒྱ་ཆེས་ཆེ་བའི་རྗེས་དྲན་བྱ་འགུལ་དེ་ཕོ་ལན་གྱི་རྒྱལ་ས་ཧྭ་ཧྲ་གྲོང་ཁྱེར་ལྟེ་གནས་ཀྱི་པུས་སུའུ་སི་ཅི་ཐང་ཆེན་ནས་སྤེལ། ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་ཕོ་ལན་དམག་དཔུང་གི་གཟབ་སྦྲེང་རུ་ཁག་ལ་དམག་གཟིགས་བྱས། བྱ་འགུལ་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་འཐུས་མིས་རིམ་པ་བཞིན་དུ་དྲན་འཛིན་དང་ཉེན་བརྡ་ཞེས་པའི་ཡིག་འབྲུ་བརྐོས་ཡོད་པའི་རྗེས་དྲན་གྱི་ཅོང་རྡུང་། དེའི་རྗེས་སུ་ཕོ་ལན་དམག་དཔུང་གི་གཟབ་སྦྲེང་རུ་ཁག་གི་དམག་མིས་མིང་མི་ཤེས་པའི་སྔོན་གཤེགས་དཔའ་བོའི་བང་སོར་མེ་ཏོག་གི་ཕྲེང་བ་ཕུལ་བར་མ་ཟད་གུས་ལུགས་མཚོན་པའི་མེ་སྒྱོགས་བཏང་། 

ཏུའུ་ཏཱ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ང་ཚོར་དྲིན་གཟོའི་བསམ་པ་ལྡན་དགོས་པ་དང་། འཛམ་གླིང་གི་རང་དབང་གི་ཆེད་དུ་འཐབ་རྩོད་དང་རང་སྲོག་བློས་བཏང་བའི་མི་རྣམས་དུས་གཏན་དུ་ཡིད་ལ་འཛིན་དགོས་ཟེར། ཁོས་བཤད་རྒྱུར། དཀའ་ཁག་མང་བོ་བརྒྱུད་ཀྱང་ཕོ་ལན་མི་རིགས་ཀྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཐོག་མཐའ་བར་གསུམ་དུ་འགོག་རྒོལ་རྒྱུན་འཁྱོངས་བྱས་པ་ཡིན་ཟེར། 

འཇར་མན་གྱི་ཙུང་ཐུང་ཧྲི་ཐེ་ཡུན་མེད་ཨར་དང་ཙུང་ལི་མའོ་ཁི་ཨར། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཕིན་སི། ཧྥ་རན་སིའི་ཙུང་ལི་ཧྥེ་ལེ་ཕུའུ་སོགས་ཧྭ་ཧྲ་ནས་སྤེལ་བའི་རྗེས་དྲན་བྱ་འགུལ་ལ་ཞུགས། 

དེའི་ཡར་སྔོན་ཕོ་ལན་གྱི་ཙུང་ལི་མའོ་ལཱ་ཝེ་ཚི་ཅི་ཡིས་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཀི་ཏན་སི་ཁིའི་ཝེ་སི་ཐི་ཕུའུ་ལཱ་ཐི་ནས་སྤེལ་བའི་རྗེས་དྲན་བྱ་འགུལ་སྟེང་བཤད་རྒྱུར། གཅིག་སྟོང་དགུ་བརྒྱ་སོ་དགུ་ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན། ཕོ་ལན་གྱིས་ལོ་རྒྱུས་སྟེང་ཆེས་དཀའ་སྡུག་གི་ཉིན་ཞིག་བསྐྱལ་མྱོང་ཟེར། ཁོས་བཤད་རྒྱུར། ང་ཚོས་རང་གི་འདས་སོང་ལ་གྲོས་བསྡུར་བྱེད་པ་དང་ཡིད་ལ་འཛིན་དགོས། ང་ཚོས་དྲང་བདེན་འཚོལ་ཞིབ་བྱས་ཏེ་སྐྱིན་ཚབས་སྤྲོད་པའི་རེ་བ་འདོན་དགོས་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཏིས་མའོ་མན་སི་ཀི་ཏན་སི་ཁིའི་རྗེས་དྲན་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།