ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན། མའོ་ཞི་ཁོའི་མཁའ་ཁྲ་མཁའ་ཨར་ཁི་སི་གྲོང་ཁྱེར་དུ། དམག་མི་ཞིག་གིས་དོན་རྐྱེན་བྱུང་སའི་ཆང་ཁང་གི་ཕྱི་རོལ་དུ་དོགས་ཟོན་བྱེད་བཞིན་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ཞི་ཁོའི་ཤར་ཕྱོགས་ཀྱི་ཝེ་ལཱ་ཁི་ལུའུ་སི་ཀྲིག་གི་ཀྲིག་ཀྲང་ཅཱ་ཞི་ཡཱ་ཡིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། ཀྲིག་དེའི་མཁའ་ཁྲ་མཁའ་ཨར་ཁི་སི་གྲོང་ཁྱེར་གྱི་ཆང་ཁང་ཞིག་ལ་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་མེ་སྐྱོན་བྱུང་སྟེ། མིག་སྔར་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་ལ་རྨས་ཕོག་ཟེར།
ཅཱ་ཞི་ཡཱ་ཡིས་ཉིན་དེའི་སྔ་དྲོར་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཚེས་ཉེར་བདུན་ཉིན་གྱི་དགོང་མོར། མི་ཞིག་གིས་ཆང་ཁང་དེའི་སྒོ་ཁ་ནས་འབར་སྣུམ་སྒྲོན་ནས་འགས་གཏོར་བཏང་། མེར་གཏོང་མཁན་གྱིས་ཆང་ཁང་གི་སྒོ་བཅད་པས་མི་མང་བོར་ཤི་རྨས་ཐེབས་པ་རེད། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། མེར་གཏོང་མཁན་ཡོད་སའི་ནག་ཉེས་སྡེ་ཚོགས་ཀྱིས་སྔོན་ཆད་ཆང་ཁང་གི་བདག་པོར་འཇིགས་སྐུལ་ནས། ཆང་ཁང་དེ་དུག་རྫས་ལྐོག་འཚོང་བྱེད་སའི་གནས་སུ་བསྒྱུར་རྩིས་བྱས་མྱོང་ཟེར།
ཅཱ་ཞི་ཡཱ་ཡིས་བསྟན་དོན། འབྲེལ་ཡོད་སྣང་ཚུལ་ལས་མངོན་པ་ལྟར་ན། ཆང་ཁང་དེའི་བདག་པོ་དོན་རྐྱེན་བྱུང་བའི་སྐབས་སུ་འཇབ་རྒོལ་མཁན་གྱིས་བཙན་ཁྲིད་བྱས་ཡོད་ངེས་རེད། མིག་སྔར་འབྲེལ་ཡོད་སྡེ་ཁག་གིས་དོགས་ཡོད་ཉེས་ཅན་སྐོར་ཞིག་མིག་ཐིག་ཏུ་བཟུང་ཡོད་པ་དང་། དོགས་ཡོད་ཉེས་ཅན་དེ་དག་ལ་དོན་རྐྱེན་བཟོས་པའི་དོགས་གཞི་ཡོད་ཟེར།
མའོ་ཞི་ཁོའི་ཙུང་ཐུང་ལོ་ཕའེ་སི་ཡིས་ཉིན་དེར་མེ་སྐྱོན་བཟོས་པའི་ནག་ཉེས་སྡེ་ཚོགས་ཀྱིས་མི་ཆོས་དང་མི་མཐུན་པའི་བྱ་སྤྱོད་སྤེལ་བར་རྒོལ་གཏམ་བཏང་བར་མ་ཟད། གྱོད་དོན་དེ་དང་འབྲེལ་ཡོད་མི་སྣའི་རུལ་སུངས་འགན་འཛོལ་བྱ་སྤྱོད་ལ་རྩད་གཅོད་ཞིབ་མོ་བྱེད་རྒྱུའི་ཚུལ་བསྟན། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མའོ་ཞི་ཁོའི་ཤར་ཕྱོགས་ས་ཁུལ་གྱི་ཆང་ཁང་ཞིག་ལ་མེ་སྐྱོན་བྱུང་ནས་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར།